རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཕ་ཁི་སི་ཐན་གྱི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཙུའུ་པེ་ཨར་ལ་མཇལ་འཕྲད་གནང་།
2019.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་སུམ་ཅུའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་ཕ་ཁི་སི་ཐན་གྱི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཙུའུ་པེ་ཨར་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་སུམ་ཅུའི་ཉིན་ཀྲུང་ནན་ཧེ་ནས་ཕ་ཁི་སི་ཐན་གྱི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཙུའུ་པེ་ཨར་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཕ་ཁི་སི་ཐན་ནི་ཀྲུང་གོའི་གནས་ཚུལ་གང་ལའང་མི་ལྟ་བའི་འཐབ་ཇུས་མཉམ་ལས་གྲོགས་པོ་གཅིག་པུ་ཡིན། རྒྱལ་སྤྱིའི་ས་ཁུལ་གྱི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་རྣམ་པ་ཇེ་ལེགས་ནས་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་དབྱི་མུའུ་ལན་ཧན་གཉིས་བར་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཅིག་མཐུན་གྱི་ལྟ་ཚུལ་གལ་ཆེན་བྱུང་བ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་རེད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཐད་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད་པར་མ་ཟད། འཐུས་ཚང་དང་རྒྱ་སྐྱེད། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་བཅས་སུ་སྐྱོད་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ལྟ་ཚུལ་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ་དང་། འཐབ་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བ། འཇིགས་སྐུལ་ངོ་རྒོལ་གཏིང་ཟབ་ཏུ་སྤེལ་བ། བདེ་འཇགས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བརསྐུལ་འདེད་གཏོང་དགོས་ཟེར།

ཙུའུ་པེ་ཨར་གྱིས་བསྟན་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ནི་རི་བོ་ལས་ཀྱང་དཔངས་མཐོ་ཞིང་རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་ཞིག་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྲོས་གཞི་ལ་ཡོངས་སུ་འཐད་པ་ཡིན་ཟེར།