ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་བསྡུས།
2019.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་བསྡུས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་པའི་མི་སྒེར་གཅིག་ལ་བྱ་དགའི་རྟགས་མ་དང་དཔང་ཡིག་གནང་བ་དང་། གཟི་བརྗིད་མཚན་སྙན་ཐོབ་པའི་ལས་ཁུངས་གསུམ་ལ་གཟེངས་བསྟོད་དར་ཆ་གནང་། 

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་། གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་དངོས་སུ་འགོ་བརྩམས་ཏེ་ཚོགས་ར་ཡོངས་ཀྱིས་མཉམ་དུ་རྒྱལ་གླུ་བླངས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་ཞི་ཅིན་ཕིང་གིས་མིང་བཀོད་པའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གཟི་བརྗིད་མཚན་སྙན་གནང་བའི་བཀའ་ཁྱབ་སྒྲོག་འདོན་བྱས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་ཡིས་མཛད་སྒོར་འགོ་འཛིན་བྱས།

གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་དེ་སྙན་ཞིང་འཇེབས་པའི་དམག་གླུའི་ཁྲོད་དུ་མཇུག་རྫོགས་པ་དང་། ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་པའི་མི་སྒེར་དང་ལས་ཁུངས་ཀྱི་འཐུས་མི་རྣམས་དང་མཉམ་དུ་པར་བླངས།