ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་དང་གྲོས་མོལ་མཛད།
2019.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 917

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་དང་གྲོས་མོལ་མཛད།

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁོ་ལོམ་པི་ཡས་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་གཏོང་དགོས་པ་དང་། རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱེད་དགོས་ལ། ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་དགོས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་བར་གྱི་དངོས་གཉེར་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པ་དང་སྲོལ་རྒྱུན་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་ནས་ཁྱབ་ཁོངས་གསར་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་ད་ལྟ་ལག་བསྟར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཏུའུ་ཁི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་འཛམ་གླིང་གི་མཉམ་སྦྲེལ་མཉམ་མཐུད་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན་པས། ཁོ་ལོམ་པི་ཡ་ཕྱོགས་ཧུར་ཐག་སྒོས་མཉམ་སྐྲུན་ཁྲོད་དུ་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་མཉམ་ལས་ལ་སྔར་ལས་ཁྲིད་སྟོན་བྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།