ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཞི་བ་བསྡུས།
2019.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱི་མངགས་བཅོལ་ལྟར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་མཛད་པར་མ་ཟད་བརྗོད་དོན་སློབ་གསོར་མཛུབ་སྟོན་གང་ལེན་གནང་བའི་འབྲེལ་ཡོད་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་འཕེལ་རིམ་དང་སྐོར་ཞིབ་མཛུབ་སྟོན་ཚནན་ཁག་སོ་སོའི་ཡར་ཞུ་ལ་ཉན་པར་མ་ཟད། དུས་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་ལ་ཕན་འབྲས་ཐོབ་པར་བྱེད་པའི་གནད་འགག་ནི་དག་ཐེར་དོན་འཁྱོལ་བྱེད་རྒྱུ་དེ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། དག་ཐེར་དོན་འཁྱོལ་བྱ་བ་ཞིབ་མོ་དང་ནན་མོར་འཛིན་དགོས། ཞིབ་བཤེར་བྱས་པའི་གནད་དོན་ལ་དམིགས་ནས་དག་ཐེར་དོན་འཁྱོལ་དམ་འཛིན་བྱས་ཏེ། བསམ་འཆར་རྒྱ་ཆེར་བསྡུ་བ་དང་། གནད་དོན་ལ་ཞིབ་བཤེར་ཟབ་མོ་བྱེད་པ། གནད་ཕིགས་ཇུས་བསྟར་གྱིས་དག་ཐེར་བྱས་ཏེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་དེ་ལམ་ལུགས་རང་བཞིན་གྱི་ཕན་འབྲས་སུ་བསྒྱུར་བར་འབད་བརྩོན་བྱེད་དགོས། ཆེད་དོན་དག་ཐེར་ལ་དམིགས་ནས་དག་ཐེར་དོན་འཁྱོལ་དམ་འཛིན་བྱས་ཏེ། ཀྲུང་དབྱང་གི་ཆེད་དོན་དག་ཐེར་བཅོས་སྐྱོང་ཇུས་གཞི་ལྟར་དུ། ཞན་ཆ་བཙལ་བ་དང་མི་འདང་ས་གསབ་སྟེ་མཚོ་སྔོན་གྱི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་གནད་དོན་གཙོ་བོ་བརྒལ་གཏོར་བྱས་ཏེ། བྱེད་ཐབས་རྣལ་མས་དག་ཐེར་དོན་འཁྱོལ་ལ་ཕན་འབྲས་ངོ་མ་ཐོབ་པར་བྱེད་དགོས། མང་ཚོགས་ཀྱི་རེ་སྒུལ་ལ་དམིགས་ནས་དག་ཐེར་དོན་འཁྱོལ་དམ་འཛིན་བྱས་ཏེ། ཆེས་དཀའ་ཁག་ཆེ་བའི་ཚོགས་པ་ནས་མགོ་རྩོམ་པ་དང་། ཆེས་འབུར་དུ་ཐོན་པའི་གནད་དོན་ལ་གཞིགས་པ། ཆེས་ཞིབ་ཚགས་ཀྱི་བྱ་བ་ནས་དམ་འཛིན་བྱེད་པ་དང་། གཅིག་བསྡུས་མཁྲེགས་གཏོར་གྱིས་མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་བཅད་ནས། དག་ཐེར་གྱི་དོན་དངོས་ཕན་འབྲས་ཀྱིས་མང་ཚོགས་ཡིད་ཆེས་པར་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་སོ་སོས་ལྟ་ཞིབ་ནན་མོ་དང་མཛུབ་སྟོན་རྣལ་མ་བྱེད་པ་དང་། གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། འགག་སྒོ་དམ་སྲུང་བྱེད་པ། མཛུབ་སྟོན་ཞིབ་མོ་བྱེད་པ་བཅས་བྱས་ཏེ། མཛུབ་སྟོན་བྱ་བའི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཟེར།