ཡུས་ཚོང་ལི་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་བསྡུས།
2019.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་འཐུས་མིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་དང་དེ་མིན་ཁོངས་མི་ཡོངས་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་བར་གྲ་སྒྲིག་བྱས།

ཚོགས་ཞུགས་མི་སྣས་བྱ་བ་དངོས་དང་དམ་པོར་སྦྲེལ་བ་དང་བརྗོད་དོན་སློབ་གསོའི་རྩ་བའི་ལས་འགན་དང་སྤྱིའི་རེ་བ་དང་དམིགས་འབེན་ལ་དམིགས་ཏེ། ཆབ་སྲིད་འཛུགས་སྐྲུན་དང་ཁག་ཁུར་འགན་ལེན། བཅོས་སྒྱུར་འཕེལ་རྒྱས་སོགས་ཕྱོགས་ཀྱི་ཐད་ལ་སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་གཞི་བཏོན། ཡུས་ཚོང་ལི་ཡིས་ཚོགས་ཞུགས་མི་སྣའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཉན་རྗེས་བཤད་རྒྱུར། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཅིག་སྡུད་བྱས་ཡོད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོ་གཅིག་སྡུད་བྱས་ཡོད་ལ། ལས་ཁུངས་རང་དང་ལས་རིགས་རང་གི་དོན་དངོས་གནད་དོན་གཅིག་སྡུད་བྱས་ཡོད་པ་དང་དེ་ལ་ཁྱོན་ཡོངས་རང་བཞིན་དང་ཁ་ཕྱོགས་རང་བཞིན། དམིགས་ཡུལ་རང་བཞིན་བཅས་ལྡན་པས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་དང་དེ་མིན་ཁོངས་མི་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པའི་དཔྱད་གཞིར་འཛིན་པར་དོན་སྙིང་གལ་ཆེན་ལྡན་ཟེར། ཁོས་བསྟན་དོན། བརྗོད་དོན་སློབ་གསོའི་རེ་བ་སྣ་ཚོགས་གསལ་བོར་ཤེས་པར་བྱས་ཏེ། རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དངོས་འབེབས་བྱེད་པའི་བྲེ་བྲག་ལག་ལེན་དུ་བསྒྱུར་དགོས། ཚང་མས་ཕྱིན་ཆད་ཀྱི་བྱ་བའི་ཁྲོད་དུ་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་པ་དང་རང་རང་གི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། བྱ་བ་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།