ཝང་ཀྲིན་ཧྲིན་གྱིས་བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་སྟེང་ནས་གཏམ་བཤད།
2019.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་ལས་དོན་དངོས་དང་གཞི་གཅིག་ཏུ་སྦྲེལ་ནས། འབྲེལ་གཏུག་སློབ་སྦྱོང་དང་རྟོག་ཞིབ་གྲུབ་འབྲས་ཟུང་འབྲེལ་བྱས་ཏེ། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་ཁྲོད་ཀྱི་ང་ཚོ་དེང་རབས་གུང་ཁྲན་ཏང་མིའི་འགན་འཁྲིའི་སེམས་པའི་སྐོར་རགས་ཙམ་གླེང་བ་ཞེས་པ་བརྗོད་གཞིར་བཟུང་ནས། སྤྱི་བདེ་ཐིན་ལས་ཁུངས་ཀྱི་དམངས་དམག་ཉེན་རྟོག་པར་བརྗོད་དོན་སློབ་གསོའི་སྐོར་གྱི་ཆེད་དོན་ཏང་གི་སློབ་ཁྲིད་གསོན་ཉམས་ལྡན་པ་ཞིག་བྱས།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་ནི་ང་ཚོ་ཏང་གི་བདེ་སྡོད་ཉེན་བསམ་དང་ལོ་བརྒྱའི་རིང་ལ་གཞི་ཚུགས་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པ་དང་། མ་འོངས་པར་ཁ་ཕྱོགས་ཏེ་བཟོས་པའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་ཐད་དོན་སྙིང་གལ་ཆེན་ལྡན། འགྱུར་ལྡོག་ཆེན་པོར་གོ་བ་མ་ནོར་བ་ལེན་རྒྱུ་ནི། ང་ཚོས་མིག་སྔའི་འཛམ་གླིང་གི་འཕེལ་རྒྱས་དང་ཀྲུང་གོའི་བཅོས་སྒྱུར་གྱི་ཕྱི་རོལ་ཆོས་ཉིད་ལ་ངོས་ཟིན་བྱེད་ཐུབ་མིན་དང་ཐད་ཀར་འབྲེལ་ཡོད་པར་བརྟེན། རང་རྟོགས་སྒོས་འགྱུར་ལྡོག་ཆེན་པོར་རུང་བསྟུན་བྱེད་རྒྱུ་ནི། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གཡི་འཐབ་ཇུས་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱེད་མིན་དང་ཐད་ཀར་འབྲེལ་ཡོད་ཟེར།