མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
2019.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ད་ལོའི་ལོ་སྟོད་ཀྱི་བྱ་བར་སྤྱི་བསྡོམས་བྱས་ཤིང་དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། ལོ་སྨད་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། གསར་འགོད་པས་ཚོགས་ཐོག་ཏུ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་འོག ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ལོ་སྨད་ལ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བྱ་བ་གཙོ་བོ་བརྒྱད་དམ་འཛིན་བྱེད་རྒྱུ་རེད།

ད་ལོའི་ལོ་སྨད་ལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རྒྱལ་ཡོངས་ས་གནས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་དམིགས་ཏེ། གཙོ་བོ་ཕྱོགས་གསུམ་གྱི་བྱ་བ་དམ་འཛིན་བྱེད་རྒྱུ་རེད། གཅིག འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ།  གཉིས། བརྟན་འཇགས་སྲུང་འཛིན་བྱས་ཏེ་འཕེལ་རྒྱས་ཁྲོད་དུ་ཉེན་ཁ་ཞི་འཇགས་སུ་གཏོང་བ། གསུམ། མཐུན་སྦྱོར་འཕེལ་རྒྱས་གཙོགས་སུ་བཟུང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ་བཅས་རེད། དེ་དང་མཉམ་དུ་བྱ་བ་གཙོ་བོ་བརྒྱད་དམ་འཛིན་བྱེད་རྒྱུ་རེད།