ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2019.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་ཞིབ་ཚན་ཁག་བཅོ་བརྒྱད་པའི་ལྟ་ཞིབ་བསམ་འཆར་ལེགས་སྒྲིག་ཇུས་གཞིར་གྲོས་ཞིབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྐོར་ཁག་དང་པོ་སྤེལ་བའི་གནས་ཚུལ་ལ་ཉན་པར་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་ཁྱབ་ཁོངས་ནས ་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་དགོས་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལ་གོ་བ་མ་ནོར་བ་བླངས་ནས། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་བྱ་བའི་སྐུལ་འདེད་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་གཏིང་ཟབ་བྱས་ཏེ། ཏང་གི་གཅིག་བསྡུས་འགོ་ཁྲིད་ལ་ཤུགས་སྣོན་དགོས། སྲིད་ཁྲིམས་སྒྲིག་འཛུགས་ཀྱི་འགན་ནུས་ལེགས་སྒྱུར་དང་མཐུན་སྦྱོར། ཕན་འབྲས་མཐོན་པོ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བ་དམ་པོར་བཟུང་སྟེ། སྲིད་ཁྲིམས་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ཐད་ཤུགས་སྣོན་རྒྱུ་དང་། བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་ཐད་ཤུགས་སྣོན་རྒྱག་པ། འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་པ་བཅས་ལ་འབད་དེ། བཅོས་སྒྱུར་འོས་འགན་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པ་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྐོར་ཁག་ཐེངས་དང་པོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་མཛུབ་སྟོན་ཡང་དག་འོག་ནས། སློབ་སྦྱོང་བྱེད་དགོས་པ་བཞི་དང་སྙེག་དགོས་པ་བཞི། ཁ་གཏད་འཇལ་དགོས་པ་བཞི། གཅིག་བསྡུས་བྱེད་དགོས་པ་བཞི་བཅས་གཅིག་འདོམས་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ལ་སློབ་སྦྱོང་དང་ཞིབ་འཇུག་གཅིག་བསྡུས་བྱས་པ་དང་། དངོས་ཡོད་ལ་འབྲེལ་གཏུག་རྟོག་ཞིབ་བྱས་པ། ཕྱི་ནང་གཉིས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་པ། ལེགས་སྒྲིག་བྱ་བ་དམ་པོར་བཟུང་བ་བཅས་ལ་བརྟེན་ནས། བརྗོད་དོན་སློབ་གསོར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་ཟེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། གོ་རིམ་ལྡན་ཞིང་སྟོབས་ཤུགས་ལྡན་པའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་བ་དང་མིག་སྔའི་ལས་རིམ་ཁག་སོ་སོའི་བྱ་བ་དམ་པོར་འཛིན་རྒྱུ་གཞི་གཅིག་ཏུ་སྦྲེལ་ནས། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོར་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་འགན་ལེན་ཁག་ཐེག་བྱེད་དགོས། བརྗོད་དོན་སློབ་གསོ་སྐོར་ཁག་གཉིས་པར་སྔ་ས་ནས་འཆར་འགོད་འཐེན་ནས། འགོ་ཡག་པོ་རྩོམ་རྒྱུ་དང་སྤུས་ཚད་མཐོ་བའི་ངང་ནས་སྤེལ་དགོས་ཟེར།

གྲོས་ཚོགས་ལས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་རང་བདག་འགན་འཁྲི་དང་ལྟ་ཞིབ་འགན་འཁྲི་ཞིབ་བཤེར་དཔྱད་ཞིབ་བྱེད་ཐབས་དང་། ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་མོལ་བྱས། གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།