ཀའོ་ཧྭ་ཡིས་མིན་ཡོན་དང་ཆི་ལིན་རྫོང་གཉིས་ཀྱི་བདེ་ཐང་དབུལ་སྐྱོར་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་བཅོས་སྒྱུར་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།
2019.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ་ཡིས་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁ་ཤས་དང་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆེད་ལས་འཐུས་མིའི་ཚན་ཆུང་གི་ཁོངས་མི་ཁྲིད་དེ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་ཆི་ལིན་རྫོང་དུ་སོང་ནས་བདེ་ཐང་དབུལ་སྐྱོར་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་བཅོས་སྒྱུར། སྡེ་བ་རིམ་པའི་འཕྲོན་བསྟེན་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།

ཀའོ་ཧྭ་ཡིས་རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་ལྟ་ཞིབ་བྱས་པ་དང་སྒྲིག་ཆས་སྒྲིག་སྦྱོར་དང་ཁ་གཏད་རོགས་སྐྱོར། ཁྱིམ་ཚང་དང་སྨན་པའི་བར་གྱི་མིང་འགོད་ཞབས་ཕྱི། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་བྱ་བའི་ཡར་ཞུ་ལ་ཉན་རྗེས་བསྟན་དོན། མི་རེ་རེར་བདེ་ཐང་ལོངས་སུ་སྤྱོད་དུ་འཇུག་པ་ནི་ཁྱོན་ཡོངས་འབྱོར་འབྲིང་མངོན་འགྱུར་བྱེད་པར་ཅིས་ཀྱང་བགྲོད་དགོས་པའི་ཐབས་ལམ་ཡིན། ཉེ་བའི་ལོ་འགའི་རིང་ལ། རྫོང་གཉིས་ཀྱིས་ཁྱོན་ཡོངས་ནས་སྐོར་གཅིག་ཅན་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཤིང་། མེད་པར་གཏོང་བ་བཞི་དང་འཕྲི་བ་དྲུག་གི་སྲིད་ཇུས་ནན་ཏན་སྒོས་དངོས་འབེབས་བྱས་པ་དང་། སྨན་བཅོས་མས་སྐྱོར་འགན་སྲུང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་ནད་སྟོན་དཀའ་བའི་གནད་དོན་ཕལ་ཆེར་ཐག་བཅད་ཟེར།