ཝང་ཡུས་ཡན་གྱིས་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོར་སྤེལ་བའི་ལས་ཁུངས་ཁ་ཤས་སུ་རྟོག་ཞིབ་བྱས།
2019.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཆུ་བེད་ཆུ་གློག་ཀུང་ཟི་བཅས་སུ་སོང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོར་སྤེལ་བའི་ལས་ཁུངས་ཀྱི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།

རྟོག་ཞིབ་བྱེད་སྐབས། ཝང་ཡུས་ཡན་གྱིས་ཡུལ་དངོས་ནས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི12315ཞུ་གཏུག་ཁ་པར་དང་། ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཅུའུ་ནུན་ལྕགས་རིགས་ཐའེ་ལས་རིགས་ཀུང་ཟི་བཅས་ལ་ལྟ་ཞིབ་བྱས་པ་དང་། ལས་ཁུངས་ཀྱིས་ལས་རིགས་ཀྱི་དོན་དངོས་དམ་མང་ཚོགས་ཀྱི་རེ་འདོད། ཐོན་སྐྱེད་ཚོང་གཉེར་གྱི་འཕེལ་རྒྱས་བཅས་ལ་དམ་དུ་སྦྲེལ་ནས་གནད་དོན་ལ་ཞིབ་བཤེར་དང་ལེགས་བཅོས་དམ་འཛིན་བྱས་པའི་དོན་དངོས་བྱ་སྤྱོད་ལ་ཁས་ལེན་བྱས། ཝང་ཡུས་ཡན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་ཇི་ཙམ་གཏིང་ཟབ་ཏུ་སྤེལ་ན། ལག་ལེན་རང་བཞིན་དེ་ཙམ་འབུར་དུ་ཐོན་པར་བྱེད་པ་དང་། གནད་དོན་ལ་དམིགས་ནས་ལེགས་བཅོས་དམ་འཛིན་བྱས་ཏེ། བརྗོད་དོན་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འདེགས་དགོས་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཏེ། ལས་ཁུངས་སོ་སོའི་ཏང་ཙུའུ་དང་ཏང་ཨུས་བརྗོད་དོན་སློབ་གསོ་དེ་ལས་ཁུངས་རང་དང་ལས་རིགས་རང་གི་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བར་སྦྲེལ་ནས། ཏང་ཡོན་ལས་བྱེད་པའི་ཐོག་ཏུ་མངོན་པའི་བརྩོན་སེམས་དེ་དཀའ་ངལ་ཁྱད་སེལ་དང་ལས་གྲུབ་ལས་སྐྲུན་གྱི་དོན་དངོས་གྲུབ་འབྲུས་སུ་བསྒྱུར་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཏེ། ཚན་ཁག་དང་མི་སྒེར་གྱིས་ཞིབ་བཤེར་བྱས་ཏེ་རྙེད་པའི་འབུར་ཐོན་གནད་དོན་ལ་དམིགས་ནས། རང་སྐྱོན་རང་གིས་བརྟག་པའི་སྙིང་སྟོབས་ཀྱིས་མྱུར་མོར་ཞིབ་བཤེར་ལེགས་བཅོས་དང་ཤེས་མ་ཐག་ཏུ་ཡོ་བསྲང་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ལ་བསམ་འཆར་ཧ་ཅང་ཆེ་བའི་སེམས་ཁྲལ་དང་སེམས་ངལ་ཅན་གྱི་དོན་དག་སྐོར་ཞིག་ཐག་བཅད་དེ། བྱ་སྤྱོད་ངོ་མ་ལས་མང་ཚོགས་ཡིད་ཆེས་པར་བྱེད་དགོས། གཟབ་ནན་དང་རྣལ་མ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་ཚོགས་འདུ་བསྡུ་བར་སྔ་མོ་ནས་འཆར་འགོད་བྱེད་པ་དང་། སློབ་སྦྱོང་དང་རྟོག་དཔྱོད་ཀྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་པ། ཞིབ་བཤེར་དང་བསམ་ཞིབ་བྱས་པའི་གནད་དོན་ལ་ཁ་གཏོད་པ། ལེགས་བཅོས་དངོས་འབེབས་གནས་ཚུལ་དང་སྦྲེལ་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོར་སྤེལ་བ་བཅས་བྱས་ཏེ། མགོ་ཁྲིད་ཚན་ཁག་དང་གཞི་རིམ་ཀྲི་པུའུ་ཡི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས། འཐབ་འཛིང་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།