མཚོ་སྔོན་ཞིང་ཆེན་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རི་ཁུལ་ཆུ་ཁོངས་མྱུར་སྐྱོབ་དང་ཆུ་ལོག་ཉེན་སེལ་སྐོར་ནས་སྦྱོང་བརྡར་བྱས།
2019.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཉེན་སེལ་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས། ཞིང་ཆེན་ཡོངས་ཀྱི་ཉེན་སེལ་མྱུར་སྐྱོབ་རུ་ཁག་གི་རི་ཁུལ་ཆུ་ཁོངས་མྱུར་སྐྱོབ་དང་ཆུ་ལོག་ཉེན་སེལ་སྐོར་གྱི་སྦྱོང་བརྡར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་སྦྱོང་བརྡར་བྱེད་སྒོར་ཞུགས་ནས་ཞིབ་ལྟ་བྱས།

ཐེངས་འདིའི་སྦྱོང་བརྡར་ནི་ཆར་ཆེན་བསྟུད་མུར་བབས་ནས་རྨ་ཆུ་ཆེ་རུ་རྒྱས་ཏེ། ཆུ་རྨ་ཆུའི་ཆུ་རགས་ལས་བརྒལ་ནས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཁང་པ་མང་པོ་ཆུས་བསྣུབས་པར་བརྟེན། ཆུ་ལོག་གི་ཁྲོད་ཚུད་པའི་ས་གནས་མང་ཚོགས་དཀའ་ངལ་ལས་གྲོལ་རྒྱུ་གཙོ་བོར་བཞག་ནས་སྦྱོང་བརྡར་བྱས།