ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གླེང་སྟེགས་དང་པོ་བསྡུས།
2019.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ། པེ་ཅིན་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གླེང་སྟེགས་རབས་དང་རིམ་པའི་གླེང་སྟེགས་དང་པོ་བསྡུས་ཏེ། ཁྱབ་ཁོངས་མི་འདྲ་བའི་ནང་དུ་གྲུབ་འབྲས་ཆེན་པོ་བླངས་པའི་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ལྔ་གདན་དྲངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་འབྲེལ་ཡོད་ཁྱབ་ཁོངས་ནས་བླངས་བའི་གྲུབ་འབྲས་ལྷུག་པར་བརྗོད་པར་མ་ཟད་རང་ཉིད་ཀྱིས་འབད་འཐབ་བྱས་པའི་ལོ་རྒྱུས་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ཏེ་དྲ་ལམ་བརྒྱུད་ནས་བསམ་བློ་བརྗེ་རེས་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གླེང་སྟེགས་བསྡོམས་པས་དྲུག་བསྡུ་རྒྱུ་ཡིན་པ་དང་། གླེང་སྟེགས་གཞན་པ་ལྔ་ནི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་དང་ཚེས་ཉེར་བརྒྱད། ཟླ་དགུ་བའི་ཚེས་བཞི་དང་ཚེས་བཅུ་གཅིག ཚེས་བཅུ་དགུ་བཅས་ལ་བསྡུ་རྒྱུ་རེད།