མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་དང་ཀྲུའུ་རིན་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས།
2019.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་དང་ཀྲུའུ་རིན་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་གཞིའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་གྲོས་ཚོགས་ཀྱི་གྲོས་དོན་བཟོ་བཅོས་སྒྲིག་སྲོལ་དང་རྩོད་གཞི་ཅུང་ཆེ་བའི་ས་གནས་ཁྲིམས་འཛུགས་ལས་དོན་གལ་ཆེན་དེ་ཕྱོགས་གསུམ་པའི་དཔྱད་འཇོག་ནང་འཇོག་པའི་བྱ་བའི་ཚད་ལྡན་འཆར་ཟིན་ལ་གྲོས་བསྡུར་བྱས།  ཚོགས་ཐོག་ནས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་གྲོས་གཞིའི་གྲོས་དོན་དང་འཚོགས་པའི་དུས་ཚོད་སྐོར་གྱི་ཡར་ཞུ་ལ་ཉན། ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལག་བསྟར་དུས་དཀྱིལ་དུ་དཔྱད་འཇོག་དང་དེ་མིན་དམིགས་ཚད་ཁ་ཤས་ལེགས་སྒྲིག་བྱེད་པའི་གྲོས་གཞི་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་ཉིས་སྟོང་བཅོ་བརྒྱད་ལོའི་ནོར་སྲིད་ངེས་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་རང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་རང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་ལས་རྩིས་བཤེར་རྩད་ཆོད་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པའི་བསམ་འཆར་སོགས་ལ་གྲོས་བསྡུར་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཁག་གི་ཚན་གཙོ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། མི་དམངས་འཐུས་མིའི་འདེམ་བསྐོ་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས།