ཝང་ཞོ་ཡུང་ཝུའུ་ལན་རྫོང་དུ་སོང་སྟེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བར་རྟོག་ཞིབ་བྱས།
2019.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་ཝུའུ་ལན་རྫོང་དུ་སོང་སྟེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། ཝུའུ་ལན་རྫོང་ཏང་ཨུ་དང་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་པ་དང་རྫོང་འཛུགས་སྐྲུན་འགྲིམ་འགྲུལ་ཅུའུ་དང་ཞི་ལིས་ཀུག་གྲོང་རྡལ་སོགས་ཀྱི་འགན་འཁུར་པ་གཙོ་བོ་དང་མཉམ་དུ་ཚྭ་ཁ་གྲོང་རྡལ་གྱི་སྡེ་བ་དང་གཞིས་ཁུལ་གྱི་ཏང་འཛུགས་འགན་འཁུར་བློ་མཐུན་དང་བཞུགས་མོལ་བྱས།

ཝང་ཞོ་ཡུང་གིས་བསྟན་དོན། ཝུའུ་ལན་རྫོང་གིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་རེ་བ་དང་དེ་མིན་སྲིད་ཇུས་དངོས་འབེབས་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་བའི་སྐོར་གྱི་བྱེད་ཐབས་བཅུ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལོའི་བྱ་འགུལ་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་བྱ་བའི་བྱེད་ཐབས་འཐུས་ཚང་ཡིན་པ་དང་། སྟོབས་ཤུགས་གང་ཡོད་བཏོན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བས། བྱ་བ་ཁ་ཤས་ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་སྐྱོད་བཞིན་ཡོད་ཟེར།