ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་དཔྱད་འཇོག་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།
2019.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

ཉེ་ལམ། ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་དཔྱད་འཇོག་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཀྲུང་དབྱང་གི་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་བསམ་འཆར་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་ཐིག་དེར་དམིགས་ཏེ། བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་དང་བྱེད་ཐབས་གཙོ་བོ་གཅིག་སྡུད་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་དཔྱད་འཇོག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དཔྱད་འཇོག་བྱ་བ་དེ་གཙོ་བོ་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ལས་རིགས་སོ་སོའི་ཁོངས་གཏོགས་ཀྱི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གིས་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་པ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བརྡ་ཐོའི་རེ་བ་ལྟར་ཐིན་དང་ཅུའུ་རིམ་པ་དང་དེ་མིན་གོང་གི་འགོ་ཁྲིད་ཚན་ཁག་ལ་རང་བཤེར་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན།