རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་དམ་བཅའ་འཇོག་པའི་ཚོགས་ཆེན་བསྡུས།
2019.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ8པའི་ཚེས19ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་དམ་བཅའ་འཇོག་པའི་ཚོགས་ཆེན་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་པ་བརྒྱ་དང་ང་གཉིས་ཐེངས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་པས། འདི་ནི་མཚོ་སྔོན་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་རྣམ་གྲངས་དང་མི་གྲངས་ཆེས་མང་པའི་ཐེངས་ཤིག་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གཉིས་ཚོགས་འདུར་ཞུགས།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐུས་ཚབ་ཚོགས་པར་དར་ཆ་གནང་བ་དང་། ལུས་རྩལ་པ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཐེངས་འདིའི་འགྲན་སྡུར་ཁྲོད་ཆུ་ཚད་མངོན་ཐུབ་པ་དང་གྲུབ་འབྲས་བཟང་བོ་བླངས་ནས་མི་རིགས་སོ་སོའི་མཐུན་སྒྲིལ་འབད་འཐབ་དང་བདེ་ཐང་ཡར་རྒྱས་ཀྱི་བསམ་པའི་རྣམ་པ་མངོན་པར་བྱེད་རྒྱུའི་རེ་བ་བཏོན། དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་པར་མ་ཟད། མཚོ་སྔོན་འཐུས་ཚབ་ཚོགས་པས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་མཚོ་སྔོན་གྱི་ཆེད་དུ་གཟི་བརྗིད་ལེན་པ་དང་མཚོ་སྔོན་གསར་བའི་གཏམ་རྒྱུད་ལེགས་པོར་འཆད་ཐུབ་པའི་སྨོན་འདུན་ཞུས།

ཚོགས་འདུའི་རྗེས་སུ། མགོན་པོ་བཀྲ་ཤིས་དང་དབྱང་ཧྥིན་ཁྲུན་གཉིས་ཀྱིས་ལུས་རྩལ་པས་འགྲན་སྡུར་ལ་གྲ་སྒྲིག་བྱེད་པར་ཞིབ་བཤེར་བྱས།