མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2019.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཚོགས་འདུར་ཞུགས། པེ་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་དཔོན་ཆེན་མོ་ལིའུ་ཡུས་ཚུན་གྱིས། འགོ་ཁྲིད་ལས་བྱེད་པས་ཇི་ལྟར་བྱས་ཏེ་ལུས་སེམས་བདེ་ཐང་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་བརྗོད་གཞིར་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་བྱས།

ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ལུས་སེམས་བདེ་ཐང་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་འདུས་པའི་ནང་དོན་ཡིན། ལུས་སེམས་བདེ་ཐང་དང་ཁ་བྲལ་ཚེ། འཚོ་བ་དང་བྱ་བའི་སྤུས་ཚད་ཆེས་ཆེར་མར་འགྲིབ་ངེས་ཡིན། ལུས་སེམས་བདེ་ཐང་ཡོང་ན་གཞི་ནས་སྙིང་སྟོབས་དང་ངར་ཤུགས་འཛོམས་པོ་ཡོད་ཅིང་། ཏང་གི་ལས་རིམ་ཁག་སོ་སོའི་བྱེད་ཕྱོགས་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་འབྱོར་ཕྱུག་བསྐྲུན་ཐུབ་པར་མ་ཟད། སྤུས་ཚད་མཐོ་བའི་བྱ་བ་དང་སྤུས་ཚད་མཐོ་བའི་འཚོ་བར་འགན་སྲུང་བྱེད་ཐུབ་ཟེར།

ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་ཆེན། ཟི་ལིང་ན་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་སློབ་སྦྱོང་གྲོས་ཚོགས་སྟེང་ཞུགས།