མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་ཁྲིམས་སྲོལ་ལ་ཤན་སྦྱར་ནས་བར་ཐག་འཚོལ་བའི་ཆེད་དོན་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་ཆེད་དོན་ཞིབ་སྡུར་གྲོས་ཚོགས་ཐེངས་གསུམ་པ་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོས་མི་སྣ་མངག་ནས་མཛུབ་སྟོན་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་ཆེད་དོན་གྲོས་ཚོགས་བཟང་བོར་བསྡུས་པར་ཧ་ཅང་མཐོང་ཆེན་བྱས། ཚོགས་འདུའི་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོས་ཏང་གི་སྒྲིག་ཡིག་དང་གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་ནན་མོ་བྱས་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཤན་སྦྱར་ནས་བར་ཐག་བཙལ་ལ། རྒྱུ་ཆར་དབྱེ་ཞིབ་ནན་མོ་བྱས་ཏེ། གྲ་སྒྲིག་འཐུས་ཚང་བྱས། ཚོགས་ཐོག་ཏུ། ཝང་ཅན་ཅུན་གྱིས་འགོ་ཁྲིད་དེ་མི་སྒེར་གྱི་ཞིབ་སྡུར་བརྟག་བཤེར་སྤེལ་བ་དང་། ལིག་ཉིང་དང་ཝང་ཞོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞོ། དབྱིན་པད་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད། ཡན་ཅིན་ཧེ་ཡིས་ཡིག་ཐོག་གཏམ་བཤད་སྤེལ། རྒྱུན་ལས་ཨུ་ཡོན་ཚོས་ཡིན་མིན་བཅོ་བརྒྱད་ལ་ཤན་སྦྱར་ནན་མོ་བྱས་པ་དང་། རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་བཞག་སྟེ། དབྱེ་ཞིབ་ནན་མོ་བྱས་པ་དང་། ཕན་ཚུན་བར་དུ་རྩ་འཛུགས་དང་ལས་དོན། བློ་མཐུན་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས་སྐྱོན་བརྗོད་དང་རོགས་རམ་བྱས།
ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་མཚོན་ནས་བཤད་ན། ཆབ་སྲིད་ཀྱི་བློ་སྦྱོང་དང་ཆབ་སྲིད་ཀྱི་རང་མདངས་ཐད་ཀྱི་རེ་བ། ཡང་ན་ཏང་གི་སྒྲིག་ཡིག་དང་ཚད་གཞི། སྲོལ་ཡིག་གི་རེ་བ་གང་ཡིན་རུང་ཚང་མ་མེ་ལོང་ལྟ་བུ་ཡིན་པས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་མེ་ལོང་ཤན་སྦྱར་བ་དང་། རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཚད་གཞི། སྲོལ་ཡིག་གི་རེ་བ་ལྟར། རང་སྟེང་ན་གནས་པའི་གནད་དོན་ལ་ཞིབ་ལྟ་བྱེད་པ་དང་། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བར་བསྒྱུར་བཀོད་བྱེད་པར་ཤུགས་སྣོན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། གུང་ཁྲན་ཏང་མི་ཞིག་ཡིན་པའི་ཆ་ནས། མ་ཤི་བར་དུ་སློབ་སྦྱོང་དང་བསྒྱུར་བཀོད་བྱེད་པ་དང་། སློབ་སྦྱོང་དང་བསམ་བློ་བསྒྱུར་བཀོད་བྱེད་པ་དང་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བ་དམ་འཛིན་བྱེད་རྒྱུ་དེ་མི་ཚེ་གང་བོའི་བྱ་བར་བརྩིས་ཏེ། ལག་བསྟར་ནན་མོ་བྱེད་དགོས་ཟེར།
ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་དཀར་དྭངས་གཙང་དང་ཁག་ཁུར་ཕོད་པའི་ཆབ་སྲིད་ཀྱི་སྤྱོད་ལམ་གྲུབ་པར་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་དངོས་གཉེར་དང་སྲིད་གཙང་གི་ཆབ་སྲིད་རང་མདངས་སྲུང་འཛིན་བྱེད་པའི་ཆེད་དོན་ལ་དམིགས་ནས་ཡིག་ཐོག་རྒྱུ་ཆ་སྤྲད།