ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭས་མཚོ་སྔོན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱེད་སྐབས་བཏོན་པའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭས་མཚོ་སྔོན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པ་ནི། རྟོག་ཞིབ་མཛུབ་སྟོན་ཐེངས་གཅིག་དང་ལྟ་ཞིབ་སྐུལ་སློང་ཐེངས་གཅིག་ཡིན་ལ། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པར་ཡང་བསྐྱར་སྐུལ་སློང་དང་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་པ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་རེ་བ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། དགོངས་དོན་གྱི་ངོ་བོར་རྒྱུས་ལོན་གཏིང་ཟབ་བྱས་ནས། བསམ་བློ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་དགོས། སློབ་སྦྱོང་གཏིང་ཟབ་བྱེད་པ་བརྒྱུད་དེ་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། བརྗོད་དོན་སློབ་གསོའི་ཁྲོད་ཀྱི་འཐབ་རྩོད་སྙིང་སྟོབས་དང་ཁག་ཁུར་སྙིང་སྟོབས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་དབུལ་བོ་མེད་པར་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས། སྔ་མོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་དང་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་སྤྱི་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བའི་བྱ་བར་སྔ་མོ་ནས་འཆར་འགོད་བྱེད་པ་དང་། སྲ་བརྟན་དང་མཐོར་འདེགས་གཏོང་བའི་ཇུས་གཞི་ལ་ཞིབ་འཇུག་བྱེད་པ། ཐོན་ལས་དབུལ་ཐར་དམ་འཛིན་བྱེད་པ། དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་བསྐྱེད་དེ། རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བར་ཞུགས་རྗེས། དྲིལ་སྒྲོག་བྱ་བ་དེ་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་པ་དང་། ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲིལ་སྒྲོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ལ། དྲིལ་སྒྲོག་བྱ་བ་ཡང་དུས་རབས་གསར་བར་ཞུགས་པའི་མཚོན་རྟགས་གལ་ཆེན་དང་། གཅིག་གྱུར་སྒོས་ཏང་གི་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། དུས་རབས་བརྒལ་བ་དང་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན། སྲོལ་ཡིག་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་གཏིང་ཟབ་བྱེད་པར་སྔར་ལས་ཤུགས་བསྣན་ནས། དྲིལ་སྒྲོག་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་དུ་འཕེལ་རྒྱས་སུ་གཏོང་དགོས། སྲོལ་ཡིག་གི་བཀག་སྡོམ་རང་བཞིན་དང་མཛུབ་སྟོན་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་བརྟན་པོས་ལག་བསྟར་དམ་འཛིན་བྱས་ཏེ། བསམ་བློ་དྲིལ་སྒྲོག་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས། སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་སྐུལ་སློང་ནུས་པ་བཅས་ཇེ་དྲག་ཏུ་གཏོང་རྒྱུ་དེ་བྱ་བ་སྣ་ཚོགས་ཁྲོད་ཁྱབ་པར་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་བསམ་བློ་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་སྡུར་ཞིབ་བཤེར་རྒྱུ་ཆ་དང་ཤེས་ལྡན་མི་སྣ་དཀའ་ངལ་ཆེ་བའི་མཐའ་འཁོབ་ས་ཁུལ་དང་གཞི་རིམ་དུ་བསྐྱོད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་པའི་བྱེད་ཐབས་འགའ། མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དོ་དམ་བྱེད་ཐབས་སོགས་ལ་གྲོས་ཞིབ་བྱས་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།