རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རིག་གནས་དང་གནས་སྐོར་འཛད་སྤྱོད་སྦས་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རིག་གནས་དང་གནས་སྐོར་འཛད་སྤྱོད་སྦས་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་རིག་གནས་དང་གནས་སྐོར་འཛད་སྤྱོད་སྦས་ཤུགས་ཇེ་ཆེར་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དགུ་བཏོན། གཅིག འཛད་སྤྱོད་དམངས་ཕན་སྲིད་ཇུས་གཏན་འཁེལ་བྱེད་དགོས། གཉིས། འཛད་སྤྱོད་སྟབས་བདེ་ཆུ་ཚད་ཇེ་མཐོར་གཏོང་དགོས། གསུམ། རྒྱལ་ཁོངས་བརྒལ་བའི་གནས་སྐོར་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། བཞི། འཛད་སྤྱོད་ཚོད་ལྟའི་དཔེ་སྟོན་ལག་བསྟར་བྱེད་དགོས། ལྔ། ཐོན་རྫས་མཁོ་འདོན་ཕུན་སུམ་ཚོགས་པར་གཏོང་དགོས། དྲུག ལྗོངས་ཁུལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཁྱབ་ཁོངས་རྒྱ་བསྐྱེད་དགོས། བདུན། དུས་ཆེན་གྱི་ཡོང་འབབ་དང་མཚན་མོའི་ཐོབ་ལས་ཡོང་འབབ་འཕེལ་རྒྱས་སུ་གཏོང་དགོས། བརྒྱད། ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དགུ། ཚོང་རའི་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་ལ་ཤུགས་སྣོན་དགོས་པ་བཅས་རེད།

བསམ་འཆར་ལས་ད་དུང་སྲིད་ཇུས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ལ་འགན་སྲུང་བྱེད་ཐབས་འགའ་བཏོན།