སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཆེད་དོན་བྱེད་སྒོ་སྤེལ།
2019.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ་དང་། ཆེད་དོན་བྱེད་སྒོས་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས། རྒྱ་ཆེ་བའི་དམངས་གཉེར་ཁེ་ལས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དངོས་འབེབས་དོན་འཁྱོལ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱེད་པར་སྣེ་འདོམས་ཁྲིད་སྟོན་བྱས་པ་དང་། འབད་བརྩོན་ཆེན་པོས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་གཅིག་གྱུར་ཡོང་བར་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མངོན་དུ་འགྱུར་བར་སྐུལ་འདེད་བཏང་།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཞུའེ་ཅང་ཚོགས་འདུར་ཞུགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་ཆིག་ཞའོ་ཕིང་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ། ཀྲུང་གོ་དམངས་ཁྲོད་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཨོ་ཧྲིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཐང་ལེང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཀྲིན་ཧྲིན་གྱིས་ཤིས་ཚིག་ཁྲོད་དམངས་གཉེར་ཁེ་ལས་པའི་འཐུས་མི་གདན་འདྲེན་ཞུས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་དང་འཕེལ་རྒྱས་བར་སྟོང་ཡངས་པོ་ངོ་སྤྲོད་བྱས་པར་མ་ཟད། ཁེ་ལས་པ་རྣམས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་ལས་གཞན། ཁེ་ལས་པ་རྣམས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་སྔར་ལས་ལེགས་པོ་བྱས་ཏེ། གོ་སྐབས་དམ་འཛིན་དང་ཚོང་གཏམ་རྟོག་ཞིབ། དངུལ་གཏོང་ལས་དར་བཅས་བྱེད་དགོས་པའི་རེ་བ་བཏོན།