མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ཀྱི་ཆེད་དོན་འཆད་ཁྲིད་སྤེལ།
2019.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཁྲོད་ནས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་བཀོད་སྒྲིག་ལྟར། ཟླ8པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲིག་ཀྲུང་ཡུའུ་གདན་དྲངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ཀྱི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་སྤེལ། ཀྲུང་ཞི་གཞོན་པ་ཏུའུ་ཅེ་དང་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་འཆད་ཁྲིད་ལ་ཉན།

ཀྲིག་ཀྲུང་ཡུའུ་ཡིས“ནུབ་ལམ་དམག་དཔུང་གི་ཡིད་སྐྱོ་བའི་ལོ་རྒྱུས”བརྗོད་གཞི་བྱས་ཏེ་ནུབ་ལམ་དམག་གི་ཡོང་ཁུངས་དང་གཡུལ་འགྱེད་ཀྱི་སྐོར། ལོ་རྒྱུས་མཛད་རྗེས་དང་དེའི་བསམ་པའི་དོན་སྙིང་སོགས་ཕྱོགས་ལྔའི་ཐད་ནས་ནུབ་ལམ་དམག་དཔུང་དམར་པོའི་ནུབ་སྐྱོད་ལོ་རྒྱུས་ཀྱི་མ་ལག་དག་སྒྲིག་དང་འགྲེལ་བཤད་གནད་ཕིགས་བྱས་ཤིང་། ནུབ་ལམ་དམག་དཔུང་དམར་པོའི་སྙིང་སྟོབས་ལ་ཚད་མཐོན་པོས་སྤྱི་སྡོམ་བྱས་པས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ལ་གཏིང་ཟབ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་གསར་བརྗེ་སྲོལ་རྒྱུན་སློབ་གསོ་ཐེངས་གཅིག་མྱོང་དུ་བཅུག་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཚད་ཇེ་མཐོར་བཏང་བ་དང་། ངེས་དོན་གྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ཁྲོད་ཐོག་མའི་བསམ་འདུན་མི་བརྗེད་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དུ་བཅུག་ནས་ནམ་ཡང་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་པའི་ཆབ་སྲིད་ཡིད་རྟོན་དང་ཆོད་སེམས་བརྟན་པོ་སྔར་ལས་ཇེ་བརྟན་དུ་བཏང་།

ཚང་མས་ལིང་ལོང་གིས་བསྟན་དོན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཚང་མས་གསར་བརྗེ་སྔོན་གཤེགས་དཔའ་བོ་མིག་དཔེར་བཟུང་ནས་སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱེད་པ་དང་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ཁྲོད་ཐོག་མའི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཧུར་ཐག་གིས་སྲིད་གྲོས་ཀྱི་བྱ་བ་སོ་སོའི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་ལ། གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར།