ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་འཇར་མན་གླེང་སྟེགས་ཀྱི2019ལོའི་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།
2019.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲི་བྱེད་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྲོས་མོལ་གླེང་སྟེགས་ཀྱི2019ལོའི་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲི་བྱེད་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྲོས་མོལ་གླེང་སྟེགས་ཀྱི2019ལོའི་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཀྲུང་གོ་དང་འཇར་མན་གྲོས་མོལ་གླེང་སྟེགས་ཀྱི་ཀྲུའུ་ཞི་གཉིས་ཀྱི་བྱ་བའི་སྙན་ཞུ་དང་བསམ་འཆར་ལ་ཉན།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྲོས་མོལ་གླེང་སྟེགས་བཙུགས་ནས་ལོ་ངོ་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་རྐྱེན་སྲོལ་ཐད་ནས་ཕན་ཚུན་ཁ་གསབ་གྱི་ཕན་ནུས་གྲུབ་པར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ལམ་ལུགས་དང་རིག་གནས། འཕེལ་རྒྱས་ཆུ་ཚད་ཀྱི་བར་ཁྱད་ལས་བརྒལ་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཁྱབ་ཁོངས་བཙལ་བ་དེས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་ཐད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས། ཀྲུང་གོ་དང་འཇར་མན་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་གཙོ་བོ་ཡིན་ལ། ཀྲུང་གོ་ནི་ཆེས་ཆེ་བའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཡིན་པ་དང་། འཇར་མན་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་བོ་དང་བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཡིན། ང་ཚོའི་བར་ཕན་ཚུན་སྒོ་འབྱེད་བྱེད་པ་དང་མི་སྣའི་བརྗེ་རེས་ལ་ཤུགས་བསྣན་ལ། མཉམ་ལས་བར་སྟོང་ཧ་ཅང་ཆེ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་གྲོས་མོལ་གླེང་སྟེགས་སྟེང་ཕན་ཚུན་གྱི་ལྟ་སྟངས་དང་ནམ་ཟླའི་འགྱུར་ལྡོག གྲངས་ཀ་ཅན་གྱི་སློབ་གསོ། ལས་རིགས་གསོ་སྦྱོང་། ཀྲུང་གོ་དང་འཇར་མན་གྱི་ཚན་རིག་ཞིབ་འཇུག་མཉམ་ལས། ལོ་ལོན་ཅན་སོགས་ཁྱབ་ཁོངས་གཙོ་བོ་ཐད་བཏོན་པའི་མཉམ་ལས་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་སྤེལ་བའི་ཐད་ཕན་ཡོད་ཆ་རྐྱེན་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གྲུབ་འབྲས་བཟང་མང་པོ་ལེན་པར་རེ་བ་བཅངས་ཡོད་ཟེར།

མའོ་ཁི་ཨེར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་གྲོས་མོལ་གླེང་སྟེགས་སྟེང་བཏོན་པའི་ཁྱབ་ཁོངས་ཆེན་པོ་དྲུག་གི་མཉམ་ལས་བསམ་འཆར་དེ་ཧ་ཅང་གལ་ཆེ་བ་དང་། ཚང་མ་རྒྱལ་ཁབ་གཉིས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་འགྲན་རྩོད་ཡིན་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་རྒྱ་སྐྱེད་པའི་ཐད་གོ་སྐབས་གསར་བ་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད། འཇར་མན་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་ཆོག་པ་དང་། ཕན་ཚུན་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཝང་དབྱི་དང་ཝན་ཀང་། ཧི་ལིས་ཧྥུན་བཅས་སོ་སོར་གོང་གི་བྱ་འགུལ་ལ་ཞུགས།