ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་གལ་ཆེན་ལག་བསྟར་བྱེད་པའི་གྲོས་མོལ་ཚོགས་འདུ་ལ་འགོ་མཛིན་མཛད།
2019.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གྲོས་གཞི་གལ་ཆེན་ལག་བསྟར་བྱེད་པའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་ལམ་ལུགས་འཛུགས་སྐྲུན་བྱེད་པར་དམིགས་ནས་གྲོས་མོལ་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཟླ་དགུ་བའི་ཚེས་དྲུག་ཉིན་པེ་ཅིན་ནས་གྲོས་གཞི་གལ་ཆེན་ལག་བསྟར་བྱེད་པའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་ལམ་ལུགས་འཛུགས་སྐྲུན་བྱེད་པར་དམིགས་ནས་གྲོས་མོལ་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། གྲོས་གཞི་ལག་བསྟར་བྱེད་པའི་གྲོས་མོལ་ནི་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་གལ་ཆེན་ཡིན་ལ། གྲོས་གཞི་འདོན་མཁན་དང་གྲོས་གཞི་ལག་བསྟར་གྱི་འགན་ཁུར་བའི་ལས་ཁུངས་ཀྱིས་ཐད་ཀར་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་གྲོས་གཞི་ལག་བསྟར་གྱི་གྲུབ་འབྲས་མཐོར་འདེགས་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ལས་ཐོན་རྫས་དང་ཟས་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་ཁྱད་ཆོས་འཚོལ་ཞིབ་བྱས་ནས། ཞིང་ལས་ཐོན་རྫས་དེ་ཞིང་ཐོག་ནས་ཟས་ཅོག་སྟེང་དུ་འགྲོ་བའི་གོ་རིམ་ཧྲིལ་བོའི་ཁུངས་འདེད་དོ་དམ་རིམ་པ་བཞིན་མངོན་འགྱུར་བྱེད་དགོས་ཟེར། 

གྲོས་འདོན་ལས་ཁུངས་དང་ཨུ་ཡོན་འཐུས་ཚབ་པ་བཅུ་གཉིས་ཀྱིས་ཞིང་ལས་ཐོན་རྫས་སྤུས་ཚད་ཀྱི་བདེ་འཇགས་ཁུངས་འདེད་མ་ལག་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་འགན་སྲུང་དང་སྲིད་ཇུས་ཀྱི་འདེགས་སྐྱོར། ལྟ་སྐུལ་དོ་དམ་མཉམ་ལས། ཚོང་རའི་གཙོ་གཞི་ཁྲོད་ཞུགས་པ་སོགས་གནད་དོན་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་དྲུག་ཅུ་ཡིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་བསམ་འཆར་བཏོན།

ཨུ་ཡོན་ཚོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལ་མྱུར་དུ་བཟོ་བཅོས་བྱས་ཏེ། ཁུངས་འདེད་བྱེད་ཡུལ་རྒྱ་བསྐྱེད་པ་དང་། ཁུངས་འདེད་གཙོ་གཞི་ལག་བསྟར་བྱེད་པ། ཁུངས་འདེད་ཀྱི་གཞི་འཛིན་ས་གཏན་ཁེལ་གསལ་བོ་བྱེད་པ། བཅའ་ཁྲིམས་འགན་འཁྲི་གཟབ་ནན་བྱེད་དགོས། རིགས་གསར་བའི་ཞིང་ལས་ཐོན་སྐྱེད་བདག་གཉེར་གཙོ་གཞི་དང་སྣ་འཛོམས་ཚོང་ཁང་ཆེ་རིགས། ཞིང་ཞོར་ཐོན་རྫས་ཚོང་ར་དང་ས་ཁུལ་གཙོ་བོའི་ཁུངས་འདེད་མ་ལག་འཛུགས་སྐྲུན་སྔོན་དུ་སྤེལ་ནས། ཞིང་ཁྱིམ་འབྲིང་ཆུང་ལ་སྟབས་བདེ་ཅན་དང་བར་ཁྱད་ཅན་གྱི་ཁུངས་འདེད་བྱེད་ཐབས་སྤྱོད་དགོས། འབྲེལ་ཡོད་བཅའ་ཁྲིམས་སྲིད་ཇུས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། ཁུངས་འདེད་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཁུངས་འདེད་འདུ་ཤེས་བརྒྱུད་སྒྲོག་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སེམས་ཁུར་དང་ཁུངས་འདེད་བྱེད་པ་དང་། ཁུངས་འདེད་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞི་ལག་བསྟར་བྱེད་པའི་ལས་ཁུངས་ཞིང་ལས་ཞིང་སྡེ་པུའུ་དང་ནོར་སྲིད་པུའུ། ཚོང་དོན་པུའུ། ཚོང་ར་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་བྱས་པ་དང་། ཨུ་ཡོན་ཚོས་བཏོན་པའི་གནད་དོན་དང་བསམ་འཆར་ལ་ལན་བཏབ།