ལིག་ཉིང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་ལ་སོང་།
2019.09.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དགུ་བའི་ཚེས་བདུན་ནས་ཚེས་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་མཚོ་ནུབ་སཽག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དང་མང་ཨེ་གྲོང་ཁྱེར་བཅས་སུ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་ཉར་བའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་བ་དང་གོ་སྐབས་གསར་བ། འཕེལ་རྒྱས་གསར་བ་བཅས་དམ་འཛིན་དང་སྐུལ་སྤེལ་བྱེད་དགོས་ཟེར།

ལིག་ཉིང་སྔ་གཞུག་ཏུ་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི་དང་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚིགས། ཅིན་ཞིན་ཧྭ་ལུང་ཅཱ་ལུད་ཚད་ཡོན་ཀུང་ཟི་བཅས་སུ་སོང་ནས་རྒྱ་ཆེའི་ལས་བཟོ་བ་རྣམ་པར་འཚམ་འདྲི་བྱས་ཤིང་།རིག་དངོས་སྲུང་སྐྱོབ་དང་ཁེ་ལས་ཚོང་གཉེར། བདེ་འཇགས་གཏན་འཇགས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

ལིག་ཉིང་ཡུལ་དངོས་སུ་རྟོག་ཞིབ་ཏུ་སོང་ནས། ཏུའུ་ལན་བང་སོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ད་ལྟའི་གནས་བབ། སྲུང་སྐྱོབ་དང་གསར་སྤེལ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྡོ་སྣུམ་ཀུང་ཟིའི་ཐོན་སྐྱེད་ཁེ་གཉེར་དང་གསར་སྐྲུན་ལག་རྩལ། ཏང་གི་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། མུ་མཐུད་དུ་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་སོང་ནས་ཞིབ་བཤེར་ས་ཚིགས་ཀྱི་འཛུགས་སྐྲུན་དང་ལས་བཟོ་བའི་བྱ་བ་ལག་བསྟར་གྱི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་མ་ཟད། ཅིན་ཞིན་ཧྭ་ལུང་ཅཱ་ལུད་ཚད་ཡོད་ཀུང་ཟིའི་ནང་སོང་ནས། ལས་བཟོ་བ་དང་ཁེ་ལས་ཀྱི་འགན་འཁུར་མི་སྣ་དག་ལ་འཚམས་འདྲི་དང་ཁ་བརྡ་བྱས།

ལིག་ཉིང་གིས་བསྟན་དོན། ཏུའུ་ལན་བང་སོ་ལ་ལོ་རྒྱུས་དང་རིག་གནས། མི་དམངས་ལ་འགན་འཁུར་བའི་མཐོ་ཚད་ནས་སྲུང་སྐྱོབ་བཟང་པོ་བྱེད་དགོས་པ་དང་། བང་སོའི་དོན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། རིག་དངོས་སྲུང་སྐྱོབ་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཟུང་དུ་འབྲེལ་ནས་སྲུང་སྐྱོབ་ཀྱི་བྱ་བ་བཟང་པོར་སྒྲུབ་དགོས། དེ་མིན་རྡོ་སྣུམ་ཀུང་ཟི་ལ་མཚོན་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལག་ལེན་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྡོ་སྣུམ་གྱི་ཞིང་ས་གསར་རྙེད་བྱུང་སྟེ། མེས་རྒྱལ་དང་མི་དམངས་ལ་བྱས་རྗེས་འཇོག་དགོས་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས། དེ་མིན་མང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་ཆར་རླུང་གི་ཁྲོད་དུ་ས་ཚིགས་བརྟན་སྲུང་དང་ལས་འགན་ལག་བསྟར་བྱས་ནས། འཇིགས་སྐུལ་ལ་རྒོལ་བའི་བདེ་འཇགས་ཀྱི་བྱ་བར་བྱས་རྗེས་བཞག་ཡོད། རེ་བ་ཡིན་ན་སྤྱི་བདེ་སྐམ་དམག་དང་དྲག་ཆས་ཉེན་རྟོག་རུ་དཔུང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་། དམངས་ལ་ཞབས་ཞུ་བསྒྲུབ་པ། སྒྲིག་ལམ་གཟབ་ནན་བྱེད་པ་བཅས་ཀྱི་སྤྱིའི་རེ་བ་ལྟར་ལས་འགན་ཡོངས་འགྲུབ་བྱས་ནས། མཚོ་སྔོན་་ལ་སྲུང་སྐྱོབ་བཟང་པོ་བྱེད་དགོས། ཅིན་ཞིན་ཧྭ་ལུང་ཅཱ་ལུད་ཚད་ཡོད་ཀུང་ཟིས་ཁྱད་ལྡན་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱེད་དགོས་ཟེར།