ཉིས་སྟོང་བཅུ་དགུ་ལོའི“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་བརྡལ་ཉིན་མོའི”མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་ནས་བསྡུས།
2019.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཉིས་སྟོང་བཅུ་དགུ་ལོའི“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་བརྡལ་ཉིན་མོའི”མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཞིང་ཆེན་ཚན་རྩལ་ཁང་དུ་སྤེལ་འགོ་ཚུགས་པ་དང་། ད་ཐེངས་ཀྱི་བྱེད་སྒོ་ནི་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་བྱེད་སྒོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཐེངས་འདིའི་བྱེད་སྒོར་ཞུགས།
མཚོ་སྔོན་གྱིས“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་བརྡལ་ཉིན་མོའི” ཚོགས་ར་གཙོ་བོ་བསྒྲུབས་ནས་བགྲང་བྱ་བཅུ་གསུམ་བརྒྱུད་ཟིན་པ་དང་། བྱེད་སྒོ་ཐེངས་བཅུ་བཞི་བ་བསུ་བའི་དམིགས་ཡུལ་ནི་རྒྱ་ཆེ་བའི་མང་ཚོགས་ལ་ཚན་རིག་ཤེས་བྱ་ཁྱབ་བརྡལ་དང་ཚན་རིག་བསམ་བློ་བརྒྱུད་བསྒྲགས་བྱས་ཏེ། ཚང་མར་ཚན་རིག་བྱང་ཚད་འཛུགས་སྐྲུན་ཁྲོད་རྒྱུའི་གོ་སྐབས་དང་ཐབས་ལམ་མཁོ་འདོན་བྱེད་ཆེད་རེད། བྱེད་སྒོ་སྤེལ་བའི་རིང་ལ། ས་ཁུལ་དང་སྡེ་ཁག་རྣམས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རྩལ་ཁྱབ་བརྡལ་གྱི་དྲིལ་བསྒྲགས་དང་འཆད་ཁྲིད། བློ་འདྲི། ཉམས་ལེན་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྒོས་སྤེལ་ནས་དྲ་རྒྱའི་སྟེགས་བུ་བརྒྱུད་དེ། ཚན་རྩལ་ཁྱབ་བརྡལ་གྱི་བྱེད་སྒོ་སྣ་ཁ་བརྒྱ་ལྷག་ཙམ་ཡར་ཞུ་བྱས།