ལིས་ཀྲན་ཧྲུའུ་ཡིས་ཨུ་རུ་སི་ལ་དངོས་གཞི་འཚམས་འདྲི་མཛད།
2019.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 88

ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་གྱིས་གདན་འདྲེན་ཞུས་པ་ལྟར། ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཨུ་རུ་སི་ལ་དངོས་གཞི་མཛའ་མཐུན་འཚམས་འདྲི་མཛད། འདི་ནི་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། ལིས་ཀྲན་ཧྲུའུ་ཡིས་མོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་པའི་ཚུལ་རེད།

ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་གྱིས་གདན་འདྲེན་ཞུས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཨུ་རུ་སི་ལ་དངོས་གཞི་མཛའ་མཐུན་འཚམས་འདྲི་མཛད་དེ། མོ་སི་ཁོ་ནས་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ་དང་། སོ་སོར་རྒྱལ་ཁབ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་དང་ཝོ་ལུའོ་ཅིན་གཉིས་ལ་གྲོས་མོལ་མཛད་པ་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་ཞུགས། ཨུ་རུ་སིའི་འགོ་ཁྲིད་མི་སྣས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ལིས་ཀྲན་ཧྲུའུ་ཡིས་དེར་བཀའ་དྲིན་ཞུས། ཕྱོགས་གཉིས་ཀྱིས་ད་དུང་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུས།

ཕུའུ་ཅིན་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་བརྒྱུད་སྒྲོག་བྱས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་འཐབ་ཇུས་སྣེ་ཁྲིད་དང་སྐུལ་འདེད་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྔར་མེད་ཀྱི་མཐོ་ཚད་དུ་སླེབས། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་ཕན་ཚུན་ལ་སྔར་ལས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཆབ་སྲིད་ཡིད་རྟོན་དང་འཐབ་ཇུས་མཉམ་ལས་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་རྒྱུན་མ་ཆད་པར་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཕུའུ་ཅིན་གྱིས་ལིས་ཀྲན་ཧྲུའུ་ཡིས་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསྐུར་བའི་སྨོན་འདུན་བརྒྱུད་སྒྲོག་བྱེད་རྒྱུའི་རེ་བ་བཏོན། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན། མིག་སྔར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏན་ཁེལ་བྱས་པའི་དམིགས་འབེན་ལ་ཁ་ཕྱོགས་ནས་བརྟན་བརླིང་ངང་སྤེལ་བཞིན་པའི་སྒང་ཡིན། ད་ཡོད་ཀྱི་རྨང་གཞིའི་སྟེང་ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

མཱ་ཐི་ཝེ་ཡན་ཁི་དང་ཝོ་ལུའོ་ཅིན་གཉིས་ལ་གྲོས་མོལ་མཛད་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ཀྱི་ལས་འགན་ཐོག་མ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྲུབ་པའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་རྒྱུ་དེ་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཕྱི་འབྲེལ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ཁ་གཏད་འཇལ་དགོས། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་དང་མིའི་བཟོས་རིག་ནུས། མཁའ་འགྲུལ་སོགས་ཚན་རྩལ་གསར་གཏོད་དང་མཐོ་གསར་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་མཉམ་ལས་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཨུ་རུ་སིའི་མཛའ་བརྩེའི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་དང་ཝོ་ལུའོ་ཅིན་གཉིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་ཞུགས། ལིས་ཀྲན་ཧྲུའུ་ཡིས་ཤིས་ཚིག་ནང་ཁྲིམས་འཛུགས་སྡེ་ཁག་བར་གྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གདེང་འཇོག་མཐོན་པོ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་ཏུ་གཏོང་དགོས་པའི་རེ་བ་བཏོན།