རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་བསྡུས།
2019.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མི་བྱ་བའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་བྱ་བའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་། ཀྲུང་གོ་ཕྱིར་སྡོད་རང་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་སྒོས་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མི་བྱ་བའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་བྱ་བའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་། ཀྲུང་གོ་ཕྱིར་སྡོད་རང་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་སྒོས་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསད་དེ། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་ཀྲུང་གོའི་ངོ་མཚར་བསྐྲུན་པ་དང་། ཡར་ཐོན་ལྷུར་ལེན་གྱི་རྒྱལ་ཁའི་གླུ་དབྱངས་བྲིས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། ལོ་རྒྱུས་རང་བཞིན་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་མི་དམངས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་ཡོད་པར་ཇེ་དྲག་ཏུ་གྱུར་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐད་ནས་སྔ་ན་མེད་པའི་མདུན་ལྗོངས་བཟང་བོ་མངོན། ལོ་ངོ་བདུན་ཅུའི་རིང་ལ། རྒྱ་ཆེའི་ཞང་ཀང་དང་ཨོ་མིན། ཐེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མིས་ནམ་ཡང་མེས་རྒྱལ་དང་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་གཅིག་སྦྲེལ་བྱས་ནས། བསུབ་ཐབས་མེད་པའི་བྱས་རྗེས་ཆེན་པོ་བཞག གྲུབ་འབྲས་དེ་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་འབད་འཐབ་དང་འབྲེལ་ཐབས་མེད་ལ། གཟི་བརྗིད་དེ་རྒྱལ་ཁབ་ཕྱི་ནང་གྱི་སྤུན་ཟླ་ཡོངས་ལ་གཏོགས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ནི་ཆེས་བཟང་བའི་དགེ་རྒན་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་བརྒྱུད་རིམ་ལས། ང་ཚོས་རྒྱལ་ཁ་ལེན་པའི་ལམ་བུ་དེ་ཀྱག་ཀྱོག་ཆེ་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ཡང་ལས་སླ་མོ་ཞི་མིན་པ་ཤེས་ཐུབ། ཡིན་ན་ཡང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོ་དང་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་འབད་འཐབ་ཡོད་ན། སྟོབས་ཤུགས་གང་གིས་ཀྱང་ང་ཚོ་མདུན་དུ་བསྐྱོད་པའི་གོམ་སྟབས་འགོག་མི་ཐུབ་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། རྒྱ་ཆེའི་ཕྱིར་སྡོད་རང་མི་ནི་ཀྲུང་གོ་འཕེལ་རྒྱས་སུ་གཏོང་བ་དང་མི་རིགས་བསྐྱར་དར་བྱེད་པའི་ཐད་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་ཡིན་པས། ང་ཚོས་ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱིར་སྡོད་རང་མི་དང་ཕྱིར་རྒྱལ་ཁབ་ཏུ་ལོག་པའི་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། ཕྱིར་སྡོད་རང་མིའི་ཞབས་ཞུའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། རྒྱ་ཆེའི་ཕྱིར་སྡོད་རང་མིས་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དུ་འཇུག་དགོས་ཟེར།

སྣེ་ལེས་ཚོགས་འདུ་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་འགོ་མཛིན་བྱས། པེ་ཅིན་དུ་སྡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་སྐོར་ཞིག་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན། ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱིར་སྡོད་རང་མི། ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་སྟོང་གསུམ་དང་བརྒྱད་རྒྱས་བཅས་སྣེ་ལེན་ཚོགས་འདུར་ཞུགས།