མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐར་ཕྱོགས་སྟོན་གནས་ཐིག་གི་གཞི་རྩའི་ས་ཚིགས་གཏན་འཁེལ་བྱེད་པའི་དྲ་རྒྱའི་ལོ་ཚོགས་སྐབས་བཞི་བ་ཟི་ལིང་ནས་བསྡུས།
2019.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་ལམ། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཐིག་ལེན་རིས་འབྲིའི་ས་ཁམས་ཆ་འཕྲིན་སློབ་ཚོགས་དང་ཞིང་ཆེན་རྨང་གཞིའི་ཐིག་ལེན་རིས་འབྲི་སློབ་གླིང་གིས་འགན་སྒྲུབ་བྱས་པའི། མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐར་ཕྱོགས་སྟོན་གནས་ཐིག་གི་གཞི་རྩའི་ས་ཚིགས་གཏན་འཁེལ་བྱེད་པའི་དྲ་རྒྱའི་ལོ་ཚོགས་སྐབས་བཞི་བ་ཟི་ལིང་ནས་བསྡུས། རྒྱལ་ནང་གི་མིང་དུ་གྲགས་པའི་ཆེད་མཁས་པ་དང་མཁས་པ་རྣམས་གནད་དྲངས་ནས། འཁོོར་སྐར་ཕྱོགས་སྟོན་གནས་ཐིག་གི་གཞི་རྩའི་ས་ཚིགས་གཏན་འཁེལ་འཛུགས་སྐྲུན་བྱེད་པ་དང་མཁོ་བསྟུན་བེད་སྤྱོད་བྱེད་ཕྱོགས་སྐོར་ནས་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས་ལ། དེའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཞིབ་ཕྲའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་ཆེད་དང་། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་སྤྱིའི་འཐབ་ཇུས་འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་པ། འཁོར་སྐར་ཕྱོགས་སྟོན་གནས་ངེས་མ་ལག་གི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་གཏོང་ཆེད་བཅས་ཡིན།