མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་བྱ་བའི་ཚོད་ལྟའི་བྱེད་ཐབས་འགྲེམ་སྤེལ་བྱས་པ་མ་ཟད་ལག་བསྟར་བྱས།
2019.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཀྱི་གོང་འོག་མཉམ་འབྲེལ་དང་སྤྱི་ཁོག་ནས་མཐུན་སྦྱོར་བྱེད་པ། དགེ་མཚན་ཁ་གསབ་བྱེད་པའི་བྱ་བའི་མཉམ་ཤུགས་གྲུབ་པར་སྐུལ་འདེད་གཏོང་བ་དང་། ཚད་ལྡན་ངང་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་བྱ་བ་སྤེལ་ཆེད། ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་བྱ་བའི་ཚོད་ལྟའི་བྱེད་ཐབས་འགྲེམ་སྤེལ་བྱས།

བྱེད་ཐབས་ནང་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་ཀྱི་དོན་སྙིང་གལ་ཆེན་དང་མཛུབ་སྟོན་བསམ་བློ། ནང་དོན་གཙོ་བོ། ཁོངས་མི། རྩ་འཛུགས་བརྒྱུད་རིམ། གྲུབ་འབྲས་བཀོལ་སྤྱོད། ལས་འགན་བགོ་བཤའ་སོགས་གཏན་ཁེལ་གསལ་བོ་བྱས། བྱེད་ཐབས་ནང་བསྟན་དོན། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་ནི་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་ཕྱོགས་གཉིས་ནས་ཤུགས་འདོན་པར་སྐུལ་འདེད་གཏོང་བ། གྲོས་མོལ་རང་བཞིན་གྱི་ལྟ་ཞིབ་སྤེལ་བའི་རྣམ་པ་གལ་ཆེན་ཡིན་ལ། སྲིད་གྲོས་ཨུ་ཡོན་གྱིས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། ཏང་ཁག་དང་ལས་རིགས། ས་ཁོངས་བར་གྱི་མཉམ་ལས་བྱ་བར་ཤུགས་བསྣན་ནས། སྲིད་གྲོས་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་ལམ་བུ་གལ་ཆེན་དང་། ཨུ་ཡོན་གྱིས་རང་ཉིད་སློབ་གསོ་མངོན་འགྱུར་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་པོ་འདིང་བའི་བྱེད་ཐབས་གལ་ཆེན་ཡིན་ཟེར།

བྱེད་ཐབས་ནང་། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་བྱ་བའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ནས། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ་དང་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་བསྐྱོད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ། གནད་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ། བསམ་འཆར་འདོན་པ་དང་གྲོས་མོལ་རང་བཞིན་གྱི་ལྟ་སྐུལ་སྤེལ་དགོས། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་གྱི་ལག་བསྟར་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན། ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་ལག་བསྟར་གནས་ཚུལ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གལ་ཆེན། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་སོགས་ལ་ཁ་གཏད་དེ་ལྟ་ཞིབ་སྤེལ། རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་དེ་རྩ་དོན་སྟེང་ནས་ལོ་གཅིག་ལ་ཐེངས་གཉིས་ལ་བཀོད་སྒྲིག་བྱེད་པ་དང་། ལོ་སྟོད་ལ་ཐེངས་གཅིག་དང་ལོ་སྨད་ལ་ཐེངས་གཅིག་ལ་བཀོད་སྒྲིག་བྱེད་དགོས་པ་གཏན་ཁེལ་བྱས་ཡོད། བྱེད་ཐབས་ཀྱིས་ལྟ་ཞིབ་ཀྱི་བརྒྱུད་རིམ་གཙོ་བོ་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས་ནས། ལྟ་ཞིབ་ཀྱི་ཚད་ལྡན་རང་བཞིན་དང་ཚན་རིག་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། དེ་དང་མཉམ་དུ། ལྟ་ཞིབ་ཀྱི་གྲུབ་འབྲས་བསྒྱུར་བ་དང་ལག་བསྟར་བྱེད་པའི་ཐད་ནས་འབྲེལ་ཡོད་རེ་བ་བཏོན་པ་དང་། འགན་སྒྲུབ་གྲུབ་འབྲས་བསྒྱུར་བ་དང་། ཕྱོགས་གཉིས་ནས་ཤུགས་འདོན་པར་སྐུལ་འདེད་བཏང་སྟེ། སྲིད་གྲོས་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།