མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས།
2019.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་བཅུ་བའི་ཚེས་བརྒྱད་ཉིན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ལག་བསྟར་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དང་། དམངས་ཆེན་གྱི་ལས་བྱེད་པའི་འགན་སྒྲུབ་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན། དུས་རབས་གསར་བའི་དམངས་ཆེན་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན། ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། དམངས་ཆེན་བྱ་བར་སྐུལ་འདེད་གཏོང་བའི་ཤུགས་ཡོད་བྱེད་ཐབས་གལ་ཆེན་བཅས་ཡིན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས། གསོ་སྦྱོང་ལ་ཞུགས་པའི་མི་སྣས་སློབ་སྦྱོང་ནན་མོ་བྱེད་པ་དང་བསམ་གཞིགས་གཏིང་ཟབ་གཏོང་བ། སེམས་ཞིབ་མོས་རྒྱུས་ལོན་བྱས་ཏེ། སློབ་སྦྱོང་གསོ་སྦྱོང་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་པ་དང་། གསོ་སྦྱོང་ལ་ཞུགས་པའི་མི་སྣ་ཡོངས་ཀྱིས་སློབ་སྦྱོང་བརྒྱུད་དེ་དམངས་ཆེན་ལས་བྱེད་པའི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྟེང་གཅིག་གྱུར་བྱེད་པ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། སློབ་སྦྱོང་བརྒྱུད་དེ་ཁག་ཁུར་འདུ་ཤེས་ཆེར་བསྐྱེད་པ་དང་། དམངས་འཐུས་ཚོགས་ཆེན་བྱ་བའི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས། གཟི་བརྗིད་འདུ་ཤེས། བྲེལ་མྱུར་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས། སློབ་སྦྱོང་བརྒྱུད་དེ་དངོས་གཉེར་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཧུར་ཐག་གིས་ཆེད་ལས་ནུས་པ་མཐོར་འདེགས་གཏོང་བ་དང་ཆེད་ལས་ཀྱི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ། ཆེད་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་རྒྱུའི་ཚུལ་བསྟན།

གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཉེ་བའི་ལོ་གཉིས་རིང་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་གསར་དུ་ཞུགས་པའི་མི་སྣ་སྐོར་ཞིག་གསོ་སྦྱོང་འཛིན་གྲྭར་ཞུགས།