ལིས་ཅེ་ཞང་གིས་ཆེད་བསྐོས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བྱས།
2019.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཆེད་བསྐོས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བྱས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་སྡེ་ཁག་སོ་སོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་ལྡན་པའི་བྱ་བའི་རུ་ཁག་འཛུགས་སྐྲུན་བྱེད་པ། མཐུན་སྒྲིལ་གཏོང་ཕོད་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་པ། ཚད་མཐའ་དམ་སྲུང་བྱས་ཏེ། ཧུར་ཐག་གིས་སྣ་གཅིག་ལས་རིགས་ཀྱི་མདུན་གྲས་སུ་བསྐྱོད་དགོས་ཟེར།

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས། ཉིན་རྒྱུན་དུ་མཐོང་ཆེན་བྱེད་པ་དང་། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ། ལག་བསྟར་གཏིང་ཟབ་བྱེད་པའི་སྟེང་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཉིན་རྒྱུན་གྱི་བྱ་བའི་ཁྲོད་ཆབ་སྲིད་གླེང་བ་དང་། ཆེད་ལས་བྱ་བའི་ཐད་ནས་གྲུབ་འབྲས་མཐོང་ཐུབ་པར་བྱེད་དགོས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བཅས་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་དཔལ་འབྱོར་དང་འཁོར་རྒྱུག་དཔལ་འབྱོར། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། རིམ་པ་བཞིན་ཆེད་དོན་འགུལ་སྐྱོད་ཇུས་གཞི་གཏན་འབེབས་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་དཔྱད་ཞིབ་དམིགས་ཚད་ཞིབ་འཇུག་དང་གཏན་འབེབས་བྱས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དམ་འཛིན་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བ་འགོ་རྩོམ་པའི་ཐད་རྨང་གཞི་བརྟན་པོ་འདིངས་དགོས། འཕྲོད་བསྟེན་བདེ་ཐང་དང་སྨན་བཅོས་བཅོས་བསྒྱུར། དགུན་དུས་ཀྱི་དྲོད་འདོན་སོགས་བྱ་བར་དམ་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་དགོས་ཟེར།