རྒྱལ་སྟོན་དུས་ཆེན་སྐབས་སུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྒྲིག་ལམ་བརྟན་འཇགས་ཡིན་པ།
2019.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། སྤྱི་བདེ་པུའུ་ཡིས་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཚོང་གཉེར་འདུ་འཛི་ཆེ་ས་དང་གནས་སྐོར་བྱེད་ས། གྲུ་ཁ་སོ་སོ། བྱ་འགུལ་ཆེན་མོ་སྤེལ་སའི་ཡུལ་དངོས་སོགས་མི་སྣ་མང་སར་སྐོར་ཞིབ་དོགས་ཟོན་བྱེད་པར་ཤུགས་སྣོན་རྒྱུ་བཀོད་སྒྲིག་བྱས། དུས་ཆེན་གྱིས་སྐབས་སུ། རྒྱལ་ཡོངས་སུ་ཉེས་དོན་བྱུང་ཚུལ་སྔོན་ལོ་དང་སྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བདུན་ཇེ་དམའ་རུ་སོང་ཞིང་རྟེན་འབྲེལ་བྱ་འགུལ་སྤེལ་ཐེངས་བརྒྱད་བརྒྱ་དང་ང་གཉིས་དང་ཚོན་ལྡན་ཤོག་སྦག་གཏོང་བའི་བྱ་འགུལ་བརྒྱ་དང་སོ་གཉིས་སུ་དོན་དག་ཅི་ཡང་མ་བྱུང་བར་བདེ་འཇགས་ཡིན་པ་དང་། རྒྱལ་ཡོངས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་གྲངས་དང་ཤི་གྲངས་སྔོན་ལོ་དང་སྡུར་ན་སོ་སོར་བརྒྱ་ཆའི་ཞེ་དྲུག་དང་བརྒྱ་ཆའི་ལྔ་བཅུ་ལྷག་ཇེ་དམའ་རུ་སོང་བས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་བརྟན་བརླིང་ཡིན། རྒྱལ་ཡོངས་གནས་སྤོར་ཕྱི་འགྲོ་ནང་ཡོང་དོ་དམ་ལས་ཁུངས་ཀྱིས་མཐའ་མཚམས་ས་ཁུལ་དུ་སྐོར་ཞིབ་དོགས་ཟོན་ནན་མོ་བྱས་ཏེ། མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་བསྡོམས་པས་ཕྱི་འགྲོ་ནང་ཡོང་མི་སྣ་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་ལ་ཞིབ་བཤེར་བྱས་པས་གྲུ་ཁ་དང་སྒོ་ཁྲལ་སྒྲིག་ལམ་བརྟན་འཇགས་ཡོང་བ་མངོན་འགྱུར་བྱས།