ལིས་ཀྲན་ཧྲུའུ་ཡིས་ཕ་ཁི་སི་ཐན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0


ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་བཅུ་བའི་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་སྲ་བརྟན་དུ་གྱུར་བ་དང་འཕེལ་རྒྱས་སུ་སོང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བའི་ཐད་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་ལ་མཐུན་པ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་འདོགས་ཐུབ། ཀྲུང་གོས་ནམ་ཡང་ཕ་ཁི་སི་ཐན་དེ་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་འཇོག་པ་དང་། ཕ་ཁི་སི་ཐན་གྱིས་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་མ་ཆད་པར་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ལ་རྒྱབ་སྐྱོར་བྱས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཕ་ཁི་སི་ཐན་གྲོས་ཁང་གི་མཐོ་རིམ་དང་རིམ་པ་སོ་སོའི་འགྲོ་འོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། བརྗེ་རེས་དཔེ་ལྟ་སྤེལ་ནས། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་ཁོར་ཡུག་བསྐྲུན་པ་དང་། དུས་རབས་གསར་བའི་དམ་ཞིང་ཟབ་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་ཐད་ཤུགས་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

དབྱི་མུའུ་ལན.ཧྭན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་བསྔགས་བརྗོད་མཐོན་པོ་བྱས། ཕ་ཁི་སི་ཐན་གྱིས་ཀྲུང་གོའི་ཉམས་མྱོང་བཟང་བོར་དཔེ་ལྟ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་དགོས། ཕ་ཁི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཅི་པེན་ཞོན་ལ་མཇལ་འཕྲད་ལ་ཞུགས།