ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་པའི་བདེ་སྲུང་བརྟན་འཇགས་ལས་འགན་ལེགས་འགྲུབ་བྱུང་བའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་སྡེ་ཁག་གི་འཐབ་ཞུགས་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་གནང་།
2019.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་མཆན་བཀོད་བཀའ་བརྡ་བཏང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་པའི་བདེ་སྲུང་བརྟན་འཇགས་ལས་འགན་ལེགས་འགྲུབ་བྱུང་བའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་སྡེ་ཁག་གི་འཐབ་ཞུགས་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་གནང་།

བྱ་དགའི་བཀའ་རྒྱ་ལས་འབོད་སྐུལ་བྱས་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེ་དཔུང་སྡེ་ཡིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བརྟན་ལྷིང་སྲུང་སྐྱོང་གི་འགན་ཁུར་ལེགས་འགྲུབ་བྱང་བ་དེ་མགོ་རྩོམ་ས་གསར་པར་བརྩིས་ཏེ། རང་འཁྲིའི་འགན་ཁུར་ཡིད་ལ་དམ་པར་བཅངས་པ་དང་དཀའ་སྤྱད་མདུན་སྐྱོད་ཀྱི་བརྩོན་སེམས། འཐབ་རྩོད་ཀྱི་སྙིང་སྟོབས་ཆེན་པོ། བྱ་བའི་སྤྲོ་སེམས་ཆེན་པོ་བཅས་ལ་བརྟེན་ནས། ཧུར་བརྩོན་ཆེན་པོས་དུས་རབས་གསར་པའི་སྤྱི་བདེ་ལས་དོན་གྱི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།