ལི་ཁི་ཆང་གིས་སོ་སོར་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་མཇུག་བསྡུ་མཛད་སྒོར་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པར་མཇལ་འཕྲད་གནང་།
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་བཅུ་བའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་མཇུག་བསྡུ་མཛད་སྒོར་ཞུགས་པའི་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་པའོ་ལའོ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་མཇུག་བསྡུ་མཛད་སྒོར་ཞུགས་པའི་ཨ་སེ་པེ་ཅང་གི་ཙུང་ལི་གཞོན་པ་ཨ་པུའུ་ཐ་ལི་པའོ་ཧྥུའུ་ལ་མཇལ་འཕྲད་གནང་། 

ཟླ་བཅུ་བའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་མཇུག་བསྡུ་མཛད་སྒོར་ཞུགས་པའི་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧོང་ལ་མཇལ་འཕྲད་གནང་།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་མཇུག་བསྡུ་མཛད་སྒོར་ཞུགས་པའི་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་པའོ་ལའོ་ནའོ་ཧྥུའུ་དང་། ཨ་སེ་པེ་ཅང་གི་ཙུང་ལི་གཞོན་པ་ཨ་པུའུ་ཐ་ལི་པའོ་ཧྥུའུ། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧོང་བཅས་ལ་མཇལ་འཕྲད་གནང་།

པའོ་ལའོ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གཉིས་ནི་མཛའ་མཐུན་གྱི་ཁྱིམ་མཚེས་གྲོགས་པོ་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་རྒྱལ་ཁའི་ངང་ཕན་ཚུན་ལ་འཚམས་འདྲི་བྱེད་པ་མངོན་འགྱུར་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོར་འབྲེལ་བ་ཡོད་པའི་གནད་དོན་སྟེང་ནས་ནམ་ཡིན་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གཞི་ཁྱོན་མཐོར་འདེགས་སུ་གཏོང་བ་དང་། དངུལ་གཏོང་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་ལེན་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

པའོ་ལའོ་ནའོ་ཧྥུའུ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་དམ་དུ་བཏང་ནས། ཉོ་ཚོང་དངུལ་གཏོང་མཉམ་ལས་རྒྱ་སྐྱེད་འདོད་ཡོད་ཟེར།

ཨ་པུའུ་ཐ་ལི་པའོ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་སེ་པེ་ཅང་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་ནས་མཉམ་ལས་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་སེ་པེ་ཅང་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀ་མཉམ་དུ་མཛའ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་བྱས་ཏེ། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཨ་པུའུ་ཐ་ལི་པའོ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེ་ཅང་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཧི་ནན་ཧོང་ལ་མཇལ་འཕྲད་གནང་སྐབས་ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེ་ནི་སྲོལ་རྒྱུན་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཕན་ཚུན་ལ་བརྩི་བཀུར་དང་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་གྱི་འདོད་བློ་ནམ་ཡང་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་ཕྱོགས་དང་མཉམ་དུ་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་གཏོང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གི་གྲོས་ཆོད་གྲོས་མོལ་དང་སྔ་མོ་ནས་ཁུལ་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་པ་སོགས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཟེར།

ཧི་ནན་ཧོང་གིས་བསྟན་དོན། ཁམ་ཕུ་ཀྲེ་དང་ཀྲུང་གོའི་འབྲེལ་བར་ཡུན་རིང་བོར་མཛའ་མཐུན་ལྡན་པ་དང་། ཕྱོགས་གཉིས་ཀྱིས་ཁམ་ཕུ་ཀྲེ་དང་ཀྲུང་གོའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་འགུལ་སྐྱོད་འཆར་གཞིར་མིང་རྟགས་བཀོད་པ་དེས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཡར་སྐུལ་བཏང་བར་མ་ཟད། རྒྱུད་གཅིག་ལམ་གཅིག་སྔར་ལས་གཏིང་ཟབ་སྒོས་མཉམ་སྐྲུན་བྱེད་པར་ཕན་པ་ཡོད་ཟེར།