ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་བ་ལོས་ལ་མཇལ་འཕྲད་གནང་།
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49


ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་བ་ལོས་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་བ་ལོས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཅང་མ་འགོར་བའི་རིང་ལ། ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྨང་གཞིའི་སྟེང་དངོས་སུ་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་ནི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དོན་བཟང་ཞིག་ཡིན། སོ་ལོ་མོན་གླིང་ཚོམ་གྱིས་ཀྲུང་གོར་འབྲེལ་བ་བཙུགས་པའི་དུས་ཡུན་ཐུང་ནའང་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ལྡན་ལ། ཕྱོགས་གཉིས་འཕེལ་རྒྱས་བྱུང་ན་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ང་ཚོས་སོ་ལོ་མོན་གླིང་ཚོམ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ལོ་རྒྱུས་གོ་སྐབས་སུ་བཟུང་སྟེ་ཕན་ཚུན་ལ་ཡིད་ཆེས་དང་ཕན་ཚུན་ལ་བརྩི་འཇོག ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཧུར་ཐག་སྒོས་ཁྱབ་ཁོངས་སོ་སོའི་མཉམ་ལས་དང་བརྗེ་རེས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་མཛེས་པའི་མ་འོངས་པ་ཞིག་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

སོ་ཅ་བ་ལོས་ཀྱིས་བཤད་རྒྱུར། སོ་ལོ་མོན་གླིང་ཚོམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་ལ་ཕྱི་ཕྱོགས་འབྲེལ་བ་བཙུགས་ཏེ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་རྒྱལ་ཁབ་མང་ཤོས་ཀྱི་ཕྱོགས་སུ་ལངས་རྒྱུ་གདམ་གསེས་བྱས་པ་ནི་སོ་ལོ་མོན་གླིང་ཚོམ་གྱིས་བརྗིད་རྔམ་དང་རྦད་ཆོད་སྒོས་ཁས་བླངས་པའི་དམ་བཅའ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་སོ་ལོ་མོན་གླིང་ཚོམ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྐྲུན། སོ་ལོ་མོན་གླིང་ཚོམ་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་མཛེས་པའི་མ་འོངས་བ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།