ཐེན་ཅིན་ཁྲིན་གྱིས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2019.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་བའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སོང་ནས། མཚོ་སྔོན་པོ་ས་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དོ་དམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཤུགས་ཆེན་པོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་དངོས་སུ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་ལས་རིམ་ཁག་སོ་སོའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་ཡོད་མེད་ལ་བལྟས།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་སོ་སོས་སྲིད་ཇུས་དང་ལས་གཞི། མ་དངུལ། ལག་རྩལ་བཅས་ཀྱི་ལེགས་སྒྲིག་ལ་ཤུགས་བསྣན་ནས། རི་ཆུ་དང་ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་བཅས་ཀྱི་ཚེ་སྲོག་གཞི་གཅིག་ཅན་གྱི་འདུ་ཤེས་ལྟར་དུ། སྡེ་ཁག་སྣ་མང་གི་མཐུན་སྦྱོར་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། མཚོ་སྔོན་པོའི་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཆེན་པོ་བྱེད་དགོས་ཟེར།