ཀྲང་ཞི་མེན་གྱིས་མཚོ་སྔོན་སློབ་ཆེན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།
2019.10.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་མཚོ་སྔོན་སློབ་ཆེན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲང་ཞི་མེན་གྱིས་མཚོ་སྔོན་སློབ་ཆེན་གྱི་བརྗོད་དོན་སློབ་གསོ་སྤེལ་བའི་ཕན་འབྲས་ལ་ཁས་ལེན་ཡང་དག་བྱས་ཏེ་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་བཟང་བོར་བསྒྲུབ་པ་ལ་རྩ་འཛུགས་འགོ་ཁྲིད་ནི་གནད་འགག་ཡིན། བརྗོད་དོན་སློབ་གསོ་སྤེལ་བར་བརྟེན་ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། མཐོ་རིམ་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་གི་སློབ་གསོའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་གཡུལ་ས་སྟོབས་དང་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས། སློབ་གྲྭའི་ཏང་ཨུ་ཡིས་རང་བདག་འགན་འཁྲི་དངོས་འབེབས་བྱེད་པ་དང་ཆབ་སྲིད་ཀྱི་འོས་འགན་ཕྲག་སྟེང་དུ་བླངས་ནས། རིམ་བཅར་གྱི་སྒོ་ནས་བརྒྱུད་སྤྲོད་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་ས་དང་བདེན་པ་ནས་བདེན་ཐུབ་ཀྱི་ཕྱོགས་སྤེལ་བར་སྐུལ་འདེད་གཏོང་དགོས། བསམ་བློ་ཆབ་སྲིད་སློབ་གསོ་གཏིང་ཟབ་དུ་སྤེལ་དགོས་པ་དང་། བསམ་བློ་ཆབ་སྲིད་སློབ་ཁྲིད་དེ་གསར་གཏོད་ཀྱི་ཁྲོད་ནས་བདེན་དོན་དང་འཚོ་བ། སློབ་མ་བཅས་ཀྱི་ཉེ་སར་སྤེལ་ནས། སློབ་མའི་ཕུགས་འདུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བར་རོགས་འདེགས་བྱེད་རྒྱུ་དང་། སྤྱོད་ཡོན་གཉིས་ལྡན་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་རྣལ་མ་ཞིག་ཏུ་འགྱུར་བར་རོགས་འདེགས་བྱེད་དགོས་ཟེར།