ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་སྔོན་ཆད་ཀྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2019.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེའུ་ཙི་ལན་གྱི་སྔོན་ཆད་ཀྱི་ཙུང་ལི་ཡོ་ཧན ཅི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེའུ་ཙི་ལན་གྱི་སྔོན་ཆད་ཀྱི་ཙུང་ལི་ཡོ་ཧན·ཅི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་གི་འགྱུར་ལྡོག་བྱུང་བཞིན་པའི་སྒང་ཡིན་ལ། གནས་བབ་གསར་བའི་འོག ཀྲུང་གོའི་ཕྱི་ཕྱོགས་མཉམ་ལས་ཀྱི་འདོད་བློ་ཇེ་ཞན་དུ་མ་གྱུར་བར་སྔར་ལས་ཇེ་ཆེར་གྱུར། ཀྲུང་གོས་ཞི་བདེའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་སྔར་ལས་ཆེ་ཆེར་ཕྱེས་ངེས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་གསུངས། ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཡོ་ཧན·ཅི་ཡིས་ཙུང་ལིའི་འགན་ཁུར་བའི་སྐབས་སུ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་པ་དང་། ཁྱེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་འདོན་རྒྱུའི་རེ་བ་བཅངས་ཡོད་གསུངས།

ཡོ་ཧན·ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་རྒྱལ་སྟོན་བྱ་འགུལ་ལ་ཧ་ཅང་རྔམ་བརྗིད་ལྡན་པ་དང་ཀུན་གྱིས་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཡིན། ལོ་རྒྱུས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཐོང་རྒྱ་ཆེན་པོ་དང་ཕུལ་དུ་བྱུང་བའི་འགོ་ཁྲིད་ནུས་པ་ར་སྤྲོད་བྱེད་ཐུབ་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ཐད་ནས་གྲུབ་འབྲས་ལེན་ཐུབ་པར་ཡིད་ཆེས་ཡོད། ངས་ནེའུ་ཙི་ལན་དང་ཀྲུང་གོ་བར་གྱི་རྒྱུས་ལོན་དང་མཉམ་ལས་ཇེ་དྲག་ཏུ་གཏོང་བའི་ཐད་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།