མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་སུམ་ཅུ་བ་བསྡུས།
2019.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་སུམ་ཅུ་བ་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡོན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཟུར་ཞུགས་བྱས། ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཀྲང་ཀོང་རུང་གིས་བསྟན་དོན། དྲིལ་སྒྲོག་བྱ་བའི་སྲོལ་ཡིག་ནི་ང་ཚོ་ཏང་གི་ཆེས་ཐོག་མའི་དྲིལ་སྒྲོག་བྱ་བའི་རྨང་གཞི་རང་བཞིན་དང་གཙོ་གཉེར་རང་བཞིན་གྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཡིན་ལ། དུས་རབས་གསར་བའི་དྲིལ་སྒྲོག་ལས་དོན་བཟང་བོར་བསྒྲུབ་པའི་གཞི་རྩའི་ཆོས་ཉིད་གལ་ཆེན་ཞིག་ཀྱང་ཡིན། དེར་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པ་དང་དེའི་དགོངས་སྙིང་ལ་གོ་བ་མ་ནོར་བ་ལེན་པ། སློབ་སྦྱོང་དང་དྲིལ་སྒྲོག དངོས་འབེབས། ལག་བསྟར་བཅས་ཀྱི་རང་རྟོགས་རང་བཞིན་དང་ཆོད་སེམས་རང་བཞིན་མངོན་སུམ་ཇེ་དྲག་ཏུ་གཏོང་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། འོས་འགན་ནན་འཁུར་བྱས་ཏེ། ཏང་གི་འདོད་བློ་དང་འདོད་ཕྱོགས་ལྟར་དུ་དམངས་ཆེན་དྲིལ་སྒྲོག་ལས་དོན་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཆ་ཚང་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས། བརྗོད་དོན་སྐུད་རྒྱུན་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་ལྟེ་གནད་སྤྱི་ཕྱོགས་ལ་ཞབས་ཞུ་སྔར་ལས་བཟང་བོ་བྱས་ཏེ། ཁྱོན་ཡོངས་ནས་དམངས་ཆེན་ལམ་ལུགས་དང་བྱ་བའི་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་མཚོན་པར་བྱེད་དགོས། བྱ་བའི་ལྟ་སྐུལ་ལ་ཤུགས་བསྣན་ནས། དམངས་ཆེན་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་དང་རང་འགན་ལག་བསྟར་གྱི་དངོས་ཡོད་དང་གཞི་གཅིག་དམ་པོར་སྦྲེལ་ནས། འགན་འཁྲི་རྩད་གཅོད་སྲོལ་ཡིག་དངོས་འབེབས་དོན་འཁྱོལ་བྱེད་པའི་ལས་དོན་བཟང་བོར་འཛིན་དགོས། ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་གནད་དུ་ཐིངས་པ་བླངས་ནས། འགན་འཁྲི་རྩད་གཅོད་སྲོལ་ཡིག་མི་རེ་རེའི་སེམས་སུ་འབབ་པར་སྐུལ་འདེད་གཏོང་དགོས་ཟེར།