ལིས་ཀྲན་ཧྲུའུ་ཡིས་ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་མཇལ་འཕྲད་གནང་།
2019.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེ་ཨེར་ཏི་མུའུ་ཧྭ་མེ་ཏའོ་ཧྥུའུ་གཉིས་ཀྱིས་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་མ་ཟད་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་མངོན་པ་དང་། འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་ནི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་རང་བྱུང་གྲོགས་པོ་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་དར་གོས་ཚོང་ལམ་བསྐྱར་དར་གྱི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བྱས་ཏེ། གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེ་གྱིས་ཐུའུ་ཁུའུ་མན་སི་ཐན་རྒྱལ་དམངས་གྲོས་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་རྒྱུ་དེ་གཙོ་ཐིག་ཏུ་བྱེད་པ་དང་། མཛའ་བརྩེའི་འགྲོ་འོང་སྤེལ་བ། ཁྲིམས་འཛུགས་བརྗེ་རེས་དང་ཕྱོགས་མང་གྲོས་ཁང་གི་རྩ་འཛུགས་སྒྲོམ་གཞི་ནང་གི་མཉམ་ལས་ལ་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་རིམ་པ་སྔར་ལས་གཏིང་ཟབ་དང་ཆུ་ཚད་སྔར་ལས་མཐོན་པོ་རུ་འཕེལ་རྒྱས་སུ་གཏོང་བའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

པཱ་པཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་མཛའ་བརྩེ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བརྗེ་རེས་དཔེ་ལྟར་ཤུགས་བསྣན་ནས། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།