ཀོ་ཧྭ་ཡིས་ཐེམ་ཆེན་རྫོང་ལ་ཆེད་དོན་ཏང་གི་སློབ་ཁྲིད་བྱས།
2019.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀོ་ཧྭ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་སོང་ནས། ས་གནས་དེ་གའི་རྫོང་རིམ་པའི་ཏང་ཡོན་ལས་བྱེད་པ་དང་རྫོང་དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ། དམངས་ཆེན་འཐུས་མི་རེ་འགར་ཏང་གི་སློབ་ཁྲིད་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན།

ཀོ་ཧྭ་ཡིས་ནན་གྱིས་བསྟན་དོན། གུང་ཁྲན་ཏང་ཡོན་རེ་རེས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་ཉིད་ཀྱི་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་དགོས་ལ། ཁྱད་པར་དུ་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་བྱེད་ནུས་མི་དམན་པ་བཏོན་ནས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་མིག་དཔེ་བཟང་བོ་སྟོན་དགོས་ཟེར།