ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོན་ཚུན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

2019ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོ་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། མིག་སྔར། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་མགྱོགས་མྱུར་སྒོས་སྤེལ་བཞིན་པའི་སྒང་ཡིན་ལ། གསར་གཏོད་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་ནི་འཕེལ་ཕྱོགས་ཆེན་པོ་ཡིན། ཀྲུང་གོ་འཛམ་གླིང་གི་གསར་གཏོད་མཉམ་ལས་ཁྲོད་ཞུགས་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཀོན་ཚུན་གྱིས་ཧུར་ཐག་གིས་འཛམ་གླིང་གི་སྤུས་ལེགས་ཚན་རྩལ་ར་བའི་ཁུལ་དང་གསར་གཏོད་ཀྱི་མཐོ་གནས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ཀྲུང་ཀོན་ཚུན་གླེང་སྟེགས་བསྡུས་པ་དེ། མཉམ་དུ་སྔོན་ཐོན་ཚན་རྩལ་དང་མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་འཛམ་གླིང་ཡོངས་ཀྱི་གསར་གཏོད་སྒྲིག་ལམ་དང་གསར་གཏོད་བཅོས་སྐྱོང་ལ་གྲོས་སྡུར་བྱེད་པ་དང་། རྒྱལ་ཁབ་སོ་སོས་འཛམ་གླིང་གི་གསར་གཏོད་བསམ་བློ་དང་འཕེལ་རྒྱས་འདུ་ཤེས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཚོགས་ཞུགས་སྐུ་མགྲོན་ཚོས་ཞིབ་སྡུར་གཏིང་ཟབ་བྱེད་པ་དང་བརྗེ་རེས་གང་ལེགས་བྱེད་པ། ཐུན་མོང་གི་ལྟ་བ་གྲུབ་པར་བྱེད་པ་དང་མཉམ་ལས་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་ལ་ཞབས་འདེགས་བཟང་བོ་ཞུས་པ་དང་། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།