ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རླུང་བརྙན་འཕྲིན་མཉམ་ལས་གླེང་སྟེགས་སྐབས་བཞི་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རླུང་བརྙན་འཕྲིན་མཉམ་ལས་གླེང་སྟེགས་སྐབས་བཞི་བ་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ཀྲེ་ཅང་ཧང་ཀྲིག་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ་བདུན་པར། ངས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པའི་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་ཁྱོན་ཡོངས་ནས་མཉམ་ལས་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། མ་འོངས་པར་ཁ་གཏད་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་དྲིལ་སྒྲོག་བྱས་ནས། ཀྲུང་གོ་དང་ཨ་རབ་ཀྱི་མཛའ་བརྩེ་མཉམ་ལས་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བ་རུ་སླེབས། ཀྲུང་གོ་དང་ཨ་རབ་གཉིས་ཀྱི་མཉམ་དུ་འབད་འཐབ་བྱས་ཏེ། སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། བློ་གྲོས་ཀྱི་རླུང་བརྙན་འཕྲིན་སྨྱན་བྱད་འཛུགས་སྐྲུན་བྱེད་པ། བློ་གྲོས་ཀྱི་རླུང་བརྙན་འཕྲིན་དྲ་རྒྱ་འཕེལ་རྒྱས་སུ་བཏང་ནས། ཀྲུང་གོ་དང་ཨ་རབ་ཀྱི་དམངས་སེམས་གཅིག་འདྲེས་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འེཕལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།