ཝང་དབྱང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་།
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་བྱ་དགའ་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གུས་མདུད་ཞུས། ཁོང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་མཐར། རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ནས་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས། ད་ལྟ་དབུལ་ཐར་མཁྲེགས་གཏོར་གྱི་དུས་ཚོད་ཐད་བྲེལ་མྱུར་ཆེ་བ་དང་། ལས་འགན་ཧ་ཅང་ལྕི་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ། ལག་ལེན་མཐར་ཕྱིན་བྱེད་པ་དང་། དམིགས་འབེན་དམ་འཛིན་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱིས་ཆེར་སྐྱེད་པའི་རང་རྟོན་བཞི་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྒུལ་ཤུགས་ཆེན་པོ་བསྒྱུར་བ་དང་། ཧུར་ཐག་གིས་དབུལ་ཕོངས་ཀྱི་འཛིང་རགས་གཏོར་ནས།  དུས་བཅད་ལྟར་སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་མཇལ་འཕྲད་ལ་ཞུགས།