རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་ལག་རྗེས་སྙན་ཞུ་ཚོགས་འདུ་པེ་ཅིན་ནས་ཚོགས།
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་ལག་རྗེས་སྙན་ཞུ་ཚོགས་འདུ་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་དགོངས་དོན་དར་སྤེལ་གཏོང་བ་དང་། སྔོན་ཐོན་དཔེ་ལེགས་ཅན་དང་དཔེ་མཚོན་འཐུས་ཚབ་མི་སྣའི་དཔེ་སྟོན་ཁྲིད་ཕྱོགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་ཆེས་མཐའ་མཇུག་གི་འཛིང་རགས་མཐའ་གཅིག་ཏུ་གཏོར་བ། རོགས་སྐྱོར་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། གཞི་རིམ་དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཟིགས་སྐྱོང་བྱེད་དགོས། བྱ་དགའ་ཐོབ་མཁན་ཚོས་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་། མིག་དཔེ་བྱེད་། ཡང་བསྐྱར་བྱས་རྗེས་འཇོག་དགོས་ཟེར།

ཚོགས་ཐོག་ཏུ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་རྣམས་ལ་གཟེངས་བསྟོད་བྱས་པ་དང་། ཁྲིན་ཝང་ཧོས་དང་ལིས་ཕུན། ལིག་ཧྲུང་ཡན། ཀྲང་ཡུས་ཞི། ཝང་ཅན་ཆིའུ། ལིན་ཅུའུ་ཀྲིན་སོགས་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་མི་སྣས་སྔོན་ཐོན་ལག་རྗེས་ཀྱི་སྙན་ཞུ་ཕུལ།

2019ལོའི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་དགའ་ཐོབ་མཁན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། གནས་གཏན་ཁེལ་གྱི་དབུལ་སྐྱོར་ལས་འགན་ཕྲག་ཏུ་བླངས་པའི་པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།