ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་སྤྱིའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་སྤྱིའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་མཇལ་འཕྲད་གནང་། པའོ་མཱ་དང་ཨེ་མའོ་ཧྲིན། སེ་ནའོ་ཧྥེ། ཧྲི་ནེ་ཏི། ཁོང་ཁི། ལའོ་དབྱི་སི་སོགས་རྒྱལ་ཁོངས་བརྒལ་བའི་ཀུང་ཟིའི་འགན་འཁུར་མི་སྣ་ཚོགས་འདུར་ཞུགས་པར་མ་ཟད། ཀྲུང་གོའི་བཟོ་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་ཐོན་ལས་གཞི་གྲངས་ཅན་དུ་བསྒྱུར་བ། སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པ་སོགས་ལ་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་གཞི་བཏོན། ལི་ཁི་ཆང་གིས་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བརྗེ་རེས་བྱས།
ལི་ཁི་ཆང་གིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་ཏུ་ཀྲུང་གོའི་དཔལ་འབྱོར་དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ་སྤྱིའི་ཆ་ནས་གཏན་འཇགས་འཁོར་སྐྱོད་སྲུང་འཛིན་བྱས་པ་དང་། སྤྱི་ཁོག་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལུགས་མཐུན་གྱི་བར་མཚམས་སུ་གནས་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་བཅངས་པ་དང་དཀའ་ངལ་ལྟ་སྟངས་ཡང་དག་བཟུང་ནས། ཡུན་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འོས་འགན་གཙོ་བོ་མངོན་འགྱུར་བྱུང་། ཀྲུང་གོའི་དཔལ་འབྱོར་གྱི་རྒྱུད་མཐུད་བདེ་ཐང་འཕེལ་རྒྱས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས་ཡོད་ཟེར།
ལི་ཁི་ཆང་གིས་བསྟན་དོན། བཟོ་སྐྲུན་ལས་རིགས་ནི་བཟོ་ལས་ཅན་དང་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་རང་བཞིན་གྱི་ཐོན་ལས་ཤིག་ཡིན། ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་བཟོ་ལས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བའི་འཕེལ་རིམ་དུ་གནས་ཡོད་པ་དང་། འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འབྲེལ་ཐག་ཁྲོད་དུ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པར་མ་ཟད། ཆེས་ཆེ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་འཛད་སྤྱོད་ཁྲོམ་ར་ཡིན། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་ན་སྒོ་འབྱེད་མཉམ་ལས་བྱེད་དགོས། འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱིས་ཀྲུང་གོའི་གོ་སྐབས་དམ་པོར་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་ཀྱི་གོ་སྐབས་རྒྱ་སྐྱེད་པ་དང་རང་འགུལ་གྱི་སྒོ་ནས་ཀྲུང་གོར་ཡོང་ནས་མཉམ་ལས་བྱེད་པ་དང་། ཚོང་ར་གསར་འབྱེད་བྱེད་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།
ཚོགས་ཞུགས་འཐུས་མིས་བསྟན་དོན། བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་སྲོག་རྩ་ལྟ་བུ་ཡིན། དེང་སྐབས་ཀྱི་འཛམ་གླིང་སྟེང་དུ་ལག་རྩལ་འཕེལ་རྒྱས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱིས་ཁེ་ལས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ཟེར།
ཧི་ལི་ཧྥིན་མཇལ་འཕྲད་ལ་ཞུགས།