ལིག་ཐའོ་ཡིས་མཚོ་ལྷོ་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱི་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།
2019.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་རྫོང་། མཁར་བྱང་ཁུལ་བཅས་ཀྱི་རྨང་གཞིའི་སློབ་གསོ་དང་སློབ་གསོའི་ཐོན་ཁུངས་སྒྲིག་བཀོད། སློབ་རའི་བདེ་འཇགས། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་བྱབ་ར་རྟོག་ཞིབ་བྱས།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་ཀུན་ཏུ་སློབ་གསོ་ལས་དོན་ཡོངས་ཀྱི་སྔོན་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་ཐོན་ཁུངས་ཀྱི་ལུགས་མཐུན་སྒྲིག་བཀོད་ལེགས་བཅོས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། སློབ་ཁུལ་བར་གྱི་ཧེ་བག་ཇེ་ཆུང་དུ་བཏང་ནས། སློབ་གསོ་ཆ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།