ཞི་ཅིན་ཕིང་གིས2019ལོའི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་འཛམ་གླིང་མཐོ་རིམ་གྲོས་ཚོགས་སྟེང་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

2019ལོའི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་འཛམ་གླིང་མཐོ་རིམ་གྲོས་ཚོགས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ལིའོ་ཉིན་ཧྲིན་དབྱང་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། བཟོ་ལས་མཉམ་འབྲེལ་དྲ་རྒྱའི་ལག་རྩལ་རྒྱུན་མ་ཆད་པར་གོང་འཕེལ་དུ་སོང་ནས། རྒྱལ་ཁབ་སོ་སོའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ནུས་གསར་བ་བསྣན་ལ། འཛམ་གླིང་གི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་གོ་སྐབས་གསར་བ་འདོན་སྤྲོད་བྱས། ཀྲུང་གོས་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་གསར་གཏོད་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རྒྱུན་མཐུད་ངང་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་གསར་གཏོད་ནུས་པ་མཐོར་འདེགས་བཏང་སྟེ། བཟོ་ལས་ཅན་དང་ཆ་འཕྲིན་ཅན་དེ་ཁྱབ་ཁོངས་སྔར་ལས་ཆེན་པོ་དང་རིམ་པ་སྔར་ལས་ཟབ་མོ། ཆུ་ཚད་སྔར་ལས་མཐོན་པོའི་སྟེང་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།